ལོ་བརྒྱའི་དན་རྟགས།

ཧུན་དུར་རོ།        2021-10-08

ལོ་བརྒྱའི་མཛད་སྒོའི་དན་རྟགས་སུ།

ཏང་གི་མཚར་སྡུག་འཛུམ་པའི་ལོ་ངོ་བརྒྱ།།

ཕྱིར་དྲན་མེ་ལོང་ངོས་སུ་གསལ་ལེར་ཤར།།

འཇོ་སྒེག་ཏང་གི་མཛེས་སྡུག་དཔལ་གྱིས་བཞད།།

མི་ཚོགས་སེམས་སུ་ཡལ་མེད་བརྟན་པོར་གནས།།

བཀོད་ལེགས་ལྟ་ན་སྡུག་པའི་བཟོ་རྩལ་དང་།།

སྨིན་ལེགས་ཡི་གར་འོང་བའི་ཁོར་ཡུག་ཚལ།།

བདེ་ལེགས་ཏང་གི་རྟེན་གནས་མཛེས་སྡུག་ཅན།།

ཨེ་མ་པེ་ཅིང་རྒྱལ་ས་འདི་ཅི་ཞིག།

སྨོན་པའི་ཡུལ་གྱི་གནའ་བོའི་རྒྱལ་རབས་དག །

ད་ལྟ་ཤུལ་ལམ་ཙམ་ཡང་རྙེད་པར་དཀའ། །

བརྟན་པོར་རང་སར་གནས་པའི་རྒྱལ་ཁབ་འདི། །

སྙིང་སྡུག་བོད་མོ་ཞིག་གི་འགྲམ་པ་བཞིན། །

བདུན་གཅིག་མཛད་སྒོ་པེ་ཅིང་མདུན་ཐང་ལ། །

རྔམ་བརྗིད་དབྱངས་སུ་གྱེར་ནས་རྣམ་པར་བཀྲ། །

ཚོགས་ཀྱི་དབུས་སུ་མཛད་སྒོའི་གཏམ་བཤད་སྤེལ། །

དཔའ་མཛངས་ཞེ་ལ་འཕྲོད་པའི་དུས་སྟོན་ལེགས། །

བཀྲ་མདངས་བཀྲ་བའི་ལོ་བརྒྱའི་ལོ་རྒྱུས་དང་། །

ཞེ་ལ་ཉེ་བའི་ད་ལྟའི་གནས་བབས་སོགས། །

ཧ་ཅང་མཚར་སྣང་འཆོར་ལ་སྒྱུ་འཕྲུལ་བཞིན། །

ལོ་རྒྱུས་ཀྱིས་ཀྱང་གསལ་བཤད་དཀའ་བར་སྣང་། །

དམར་དམག་རྒྱང་ལ་བསྐྱོད་པའི་རི་ཀླུང་ཀུན། །

དཀའ་སྡུག་སྙིང་ལ་བྲིས་པའི་དན་རྟགས་ཡིན། །

དམར་དམག་རེ་རེའི་སེམས་ཀྱི་འོད་སྣང་དེ ། །

ད་ལྟའི་ཀྲུང་གོ་གསར་བའི་གཟི་བརྗིད་ཡིན། །

དུས་ངན་ནང་ནས་དཀའ་སྡུག་ལ་མོ་བརྒལ། །

མུན་ནག་ནང་ནས་ཕུགས་འདུན་རྒྱང་ལ་བཅོལ། །

དམར་དམག་དཔའ་བོའི་ལུས་སེམས་ཏང་ལ་ཕུལ། །

ད་ལྟའི་ཀྲུང་གོ་གསར་བར་འོད་སྟོང་འབར། །



  • ལེ་ཚན་སྔོན་མ།: མེས་རྒྱལ་དགྱེས་པའི་ཐོལ་གླུ།
  • ལེ་ཚན་རྗེས་མ།:ཨ་མའི་ངག་ཐོག་ནས་ཨ་མེས་ཡང་མེས་དྲན་པ།