འཚོ་གནས་ཀྱི་ཡང་སྙིང་དེ།

ལུག་རྫི།        2021-09-27

གྲུང་ཤ་དོད་པའི་ལང་ཚོ་དེ། །

སྙན་ཞིང་འཇེབས་པའི་གད་རྒྱངས་དེ། །

ལོག་རྟོག་འཇོམས་བྱེད་གླང་རྫི་དེ། །

མ་བཀུག་གཞུ་མོར་སུས་བྱས་སོང་། །

གཙང་བཙོག་འབྱིད་པའི་ལག་ཕྱིས་དེ། །

ཞིམ་དགུ་ལྡུད་པའི་ཁེམ་བུ་དེ། །

སེར་གར་སོང་བའི་ཕྱག་ཟུང་དེ། །

སུ་ཡི་དོན་དུ་འདི་ལྟར་འགྱུར། །

ངག་ལ་བྱང་བའི་ཞེ་ས་དེ། །

རུས་ལ་སིམ་པའི་ལ་རྒྱ་དེ། །

སེམས་ལ་འདྲེས་པའི་དད་མོས་དེ། །

འཇའ་ཚོན་རི་མོར་སུས་བཏང་སོང་། །

ལྷན་པ་མང་བའི་ཕ་སྐད་དེ། །

མངོན་ཆུང་འཚོ་བའི་ཡིག་ཆུང་དེ། །

ཡ་རབས་བཟང་བོའི་ལུགས་སྲོལ་དེ། །

གོ་ཁའི་ཕྱི་ལ་སུས་དེད་སོང་། །

མིག་ཁར་འབབ་པའི་ཟླ་ཞལ་དེ། །

ལོ་ཟླར་ཆགས་པའི་བརྩེ་འདང་དེ། །

དྲན་པར་བརྐོས་པའི་གཟུགས་རིས་དེ། །

མི་བརྗེད་གཟུངས་སྔགས་སུས་བཏོན་སོང་། །



  • ལེ་ཚན་སྔོན་མ།:ཨ་མ་དྲན་པའི་གདུང་བ་ལྕི་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།