རོང་བྲག་རྫོང་གིས་སྐྱེ་ཁམས་དབུལ་སྐྱོར་ལ་དམ་འཛིན་བྱས་ཏེ་སྐྱེ་ཁམས་དམངས་ཕྱུག་མངོན་འགྱུར་བྱུང་།

ཀུན་དགས་བསྒྱུར།        2021-09-27

ད་ལོ་ནས་བཟུང་རོང་བྲག་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཕྱོགས་གང་ཅིའི་ཐད་ནས་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཁ་གསབ་དབུལ་སྐྱོར་དང་།སྐྱེ་ཁམས་ལས་གྲྭའི་དབུལ་སྐྱོར།སྐྱེ་ཁམས་ལས་ཞུགས་དབུལ་སྐྱོར་བཅས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།རོང་བྲག་རྫོང་གི་ནགས་ས་རྒྱ་ཁྱོན་མུའུ་ཁྲི456.87དང་ཐུན་མོང་སྤྱི་ཕན་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི148.98ལ་ཟིན་ནས་བསྡུར་ཚད་བརྒྱ་ཆ33.6བཟུང་ཡོད། སྤྱི་ཕན་ནགས་ཚལ་གྱི་ཁ་གསབ་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་ནགས་ཚལ་གྱིས་ཞིང་པར་ཕན་པ་ཐོབ་པའི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད།ས་གནས་དེ་གའི་མི་སེར་ཚོས“རྒྱལ་ཁབ་ཡག་པོ་དང་སྲིད་ཇུས་ཡག་པོ་ཡོད་པས་ང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཡག་ཏུ་འགྲོ་གི་འདུག”ཅེས་མྱོང་ཚོར་ཟབ་མོའི་སྐད་ཆ་དེ་ལྟར་བཤད།

ད་ལོ་རོང་བྲག་རྫོང་གིས་རྨོ་བསྐྱུར་ནགས་གསོའི་གྲུབ་འབྲས་མུའུ་ཁྲི0.6617སྲ་བརྟན་དུ་བཏང་བ་དང་ལས་གྲྭ་ལག་བསྟར་བྱ་ཡུལ་གཙོ་བོ་བྲག་སྟེང་གྲོང་རྡལ་དང་དཔའ་དབང་ཡུལ་ཤོག། བརྒྱ་གྱུར་གྲོང་རྡལ།དགེ་བཤེས་རྩ་གྲོང་རྡལ་བཅས་སུ་གཅིག་སྡུད་བྱས་ཡོད། ཞིང་དོར་ནགས་གསོའི་སྲིད་ཇུས་ཀྱིས་ས་གནས་དེ་གའི་ཞིང་དོར་ཞིང་དུད་ཀྱི་ལྟོ་གོས་གནད་དོན་བརྟན་པོའི་ངང་ཐག་གཅོད་བྱས་པར་མ་ཟད།ཚང་མའི་བསམ་བློའི་འདུ་ཤེས་ལའང་འགྱུར་ལྡོག་བཏང་བ་དང་།ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པ།སྐྱེ་ཁམས་དཔལ་འབྱོར་ཅན་གྱི་ཐོན་ལས་འཕེལ་རྒྱས་བཏང་བ་བཅས་བྱས་ནས་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་གཏོད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

སྐྱེ་ཁམས་ནགས་སྲུང(རྩྭ)པ་ནི་གཞི་རིམ་གྱི་ནགས་ལས་འཛུགས་སྐྲུན་པ་ཞིག་ཡིན་པའི་ངོས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་དང་ནགས་ཚལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཁྲོད་སོ་ལྟ་བྱེད་མཁན་གྱི་ནུས་པ་ཐོན་གྱི་ཡོད། ནགས་ཚལ(རྩྭ)སྲུང་སྐྱོང་པས་ནགས་ཚལ་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་།གྲོང་སྡེ་དང་སྡེ་ཚན་བར་མཐུན་སྦྱོར་སྐུལ་འདེད་ཀྱི་ལམ་སྲོལ་བཙུགས་ཡོད་ལ་ནགས་ཚལ(རྩྭ)སྲུང་སྐྱོང་པའི་མང་ཚོགས་ཀྱི་རང་བརྟེན་ནུས་པ་ཆེ་རུ་བཏང་ནས་དབུལ་ཐར་མང་ཚོགས་བསྐྱར་དུ་མི་ཐོན་པའི་འགན་ལེན་བྱས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།: སྡེ་རོང་རྫོང་གིས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་སློབ་གྲྭར་སྤེལ།
  • ལེ་ཚན་རྗེས་མ།:གཞན་ཕན་སེམས་ལས་མཐུན་སྒྲིལ་གྲུབ།རང་འདོད་སེམས་ལས་མཐུན་སྒྲིལ་བརླགས།
  • དོ་སྣང་ཆེ་བའི་རྩོམ།