བོད་སྐད་ཀྱིས་དྲྭ་ཐོག་ལས་སྒྲུབ་བྱེད་ཚུལ་འདིས་དམངས་ཀྱི་དཀའ་ངལ་བསལ།

ཐུབ་ཀྱིས་བསྒྱུར།        2021-09-30

“ཆོས་འཕེལ། ཁྱོད་ཀྱི་བུ་མོ་ཁྱིམ་ལ་ཨེ་ཡོད། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཆེས་མཐོ་བ་སྒོར8000གཡར་ཆོག་པ་དང་། སི་ཁྲོན་སྲིད་དོན་ཀུན་སྒྲུབAPP ཐོག་ནས་སྲིད་ཇུས་འདྲི་ལེན་བྱེད་ཆོག་གི་ཡོད་པའི་གནས་ཚུལ་གོ་བྱུང་། ངས་རྒྱ་ཡིག་མི་ཤེས་པས་ཁྱོད་ཀྱི་བུ་མོ་ལ་སྐད་སྒྱུར་ཞིག་བྱ་རོགས་ཟེར་རྒྱུ་ཡིན། ” 

    “དབང་གྲགས། ད་ལྟ་ཁྱོད་ཀྱིས་ཁོ་འཚོལ་དགོས་མ་རེད། བཀོལ་སྣེAPPའདི་ལ་ཉེ་ཆར་བོད་ཡིག་གི་བྱེད་ནུས་ཡོད་པ་བཟོས་འདུག། ཁྱོད་རང་གིས་ལག་ཁྱེར་ཁ་པར་དུ་མཉེན་ཆས་གསར་བརྗེ་ཞིག་བྱས་ཏེ། བོད་རྒྱ་སྐད་གཉིས་པར་གཞི་རུ་བསྒྱུར་དང་། ཁྱོད་རང་གིས་ལྟ་འདོད་ཡོད་པའི་ནང་དོན་བོད་སྐད་ཐོག་ནས་ལྟ་ཆོག་ལ། བོད་སྐད་ཀྱི་ཐོག་ནས་ཉན་ཡང་ཆོག་གི་རེད”

བོད་སྐད་ཀྱིས་དྲྭ་ཐོག་ལས་སྒྲུབ་བྱེད་ཚུལ་འདིས་དམངས་ཀྱི་དཀའ་ངལ་བསལ།

   གོང་གི་སྐད་ཆ་བཤད་རེས་བྱེད་མཁན་ནི་སེར་ཤུལ་རྫོང་ལོ་ཕྱུག་གྲོང་རྡལ་ལྟར་མདའ་གྲོང་སྡེའི་ཡུལ་མི་ཆོས་འཕེལ་དང་དབང་གྲགས་གཉིས་རེད།

   དབང་གྲགས་ཀྱིས་བཤད་པའི་བོད་སྐད་བྱེད་ནུས་ཡོད་པ་ཞེས་པའི་མཉེན་ཆས་མ་ལག་དེ་ནི་དེ་སྔོན་གྱི་རྨང་གཞིའི་ཐོག་ལོ་གཅིག་རིང་ལ་འཛུགས་སྐྱོང་བྱས་ཏེ་སྤྱི་ཟླ9པའི་ཚེས20ཉིན་ལ། སི་ཁྲོན་སྲིད་དོན་ཞབས་ཞུའི་དྲ་བ་དཀར་མཛེས་ཁུལ་ཡན་ལག་དྲྭ་ཚུགས་ཀྱི་བོད་སྐད་འཕྲིན་ལམ་དེ་རེད།

བོད་སྐད་ཀྱིས་དྲྭ་ཐོག་ལས་སྒྲུབ་བྱེད་ཚུལ་འདིས་དམངས་ཀྱི་དཀའ་ངལ་བསལ།

    དྲྭ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་དེ་ལ་བོད་རྒྱ་སྐད་གཉིས་དང་བོད་སྐད་བཤད་པའི་བྱེད་ནུས་གཉིས་ཀ་ཡོད་ཅིང་། རྒྱལ་ཡོངས་ལ་མཚོན་ན་ཐེངས་དང་པོ་ཡིན་ཞིང་། དེ་ནི་རྩིས་འཕྲུལ་དང་སི་ཁྲོན་སྲིད་དོན་ཀུན་སྒྲུབAPPསྟེ་བཀོལ་སྣེ་གཉིས་ལས་གྲུབ་ཡོད་ལ། དེ་དྲྭ་ཐོག་བཀོལ་སྤྱོད་བྱེད་མགོ་བཙུགས་པ་ལས་རང་ཁུལ་གྱི་འབྲེལ་དྲྭ་རྒྱས་པ་དང་སྲིད་དོན་ཞབས་ཞུ་ཟུང་དུ་སྦྲེལ་བའི་མ་ལག་འཛུགས་སྐྱོང་ཐད་གོམ་གང་མདུན་དུ་སྤོས་ཐུབ་ཡོད་པ་དང་སི་ཁྲོན་སྲིད་དོན་ཞབས་ཞུའི་དྲ་བ་དཀར་མཛེས་ཁུལ་ཡན་ལག་དྲྭ་ཚུགས་བཀོལ་སྤྱོད་རྒྱ་ཁྱབ་ཏུ་ཕྱིན་པའི་དུས་རིམ་གསར་པའི་མགོ་བཙུགས་ཡོད་པ་མཚོན་ཐུབ།

བོད་སྐད་ཀྱིས་དྲྭ་ཐོག་ལས་སྒྲུབ་བྱེད་ཚུལ་འདིས་དམངས་ཀྱི་དཀའ་ངལ་བསལ།

  རྩིས་འཕྲུལ་དང་ལག་ཁྱེར་ཁ་པར་གཉིས་ཀྱི་བཀོལ་སྣེའི་ཅོག་ངོས་ཐོག་གི་ཁྱབ་ཁོངས་སོ་སོའི་གཙོ་དོན་ཞབས་ཞུའི་ཆེད་ཁོངས་སུ་རྒྱ་བོད་ཡིག་རིགས་གཉིས་ཀ་བྲིས་ཡོད་པའི་ཐོག་ད་དུང་བོད་སྐད་ཀྱི་གཏམ་བཤད་ནུས་པ་ཡོད་པ་རེད། དེར་བརྟེན། རང་ཁུལ་གྱི་རྒྱ་ཆེ་བའི་བོད་རིགས་མང་ཚོགས་ཀྱི་བཀོལ་བདག་ཚོས་རྒྱ་བོད་སྐད་གཉིས་བར་བརྗེ་རེས་གང་ལེགས་བྱས་ཏེ་དྲྭ་ཐོག་ཏུ་དོན་དག་སྣ་མང་སྒྲུབ་ཆོག་གི་ཡོད།

བོད་སྐད་ཀྱིས་དྲྭ་ཐོག་ལས་སྒྲུབ་བྱེད་ཚུལ་འདིས་དམངས་ཀྱི་དཀའ་ངལ་བསལ།

    རང་ཁུལ་ལ་མི་ཁྲི112ཡོད་པའི་ནང་བོད་རིགས་བརྒྱ་ཆ78.4ལ་ཟིན་གྱི་ཡོད་ལ། བོད་སྐད་ཀྱི་སྒོ་ནས་སྲིད་དོན་ཞབས་ཞུ་བྱ་ཡུལ་གྱི་རྨང་གཞི་རྒྱ་ཆེ་བས་རྒྱ་ཆེ་བའི་ཁེ་ལས་དང་མང་ཚོགས་ལ་ཕྱོགས་ནས་བོད་སྐད་འཕྲིན་ལམ་ཞིག་བཟོས་ཏེ་དོན་དག་སྒྲུབ་དཀའ་བ་དང་སྒྲུབ་སྟངས་དལ་བ། རྙོག་དྲ་ཡིན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པར་བརྒྱུད། དངོས་གནས་དྲང་གནས་དན་གྲངས་བཀོལ་སྤྱོད་ཆེས་མང་བ་དང་། མི་སེར་རྒྱུག་རྒྱུ་ཆེས་ཉུང་བ། ཐ་ན་རྒྱུག་མི་དགོས་པ་ཞེས་པའི་དམིགས་འབེན་འགྲུབ་ཏུ་འཇུག་དགོས་ཞེས་ཁུལ་སྲིད་འཛིན་མཆན་བཀོད་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་དེ་ལྟར་བཤད་པ་རེད།

 བོད་སྐད་ཀྱིས་དྲྭ་ཐོག་ལས་སྒྲུབ་བྱེད་ཚུལ་འདིས་དམངས་ཀྱི་དཀའ་ངལ་བསལ།

   བཀོལ་བདག་ཚོས་དྲྭ་ལམ་འདིའི་ཕྱོགས་འདུས་ཆེད་དོན་ཞབས་ཞུའི་བཀོལ་ཁོངས་བརྒྱུད་དེ། སློབ་གསོ་ལས་ཞུགས་དང་། མཐོ་རྒྱུགས་ཀྱི་རྒྱུགས་འབྲས་འདྲི་ལེན། སི་ཁྲོན་དང་ཁྲུང་ཆིང་གི་སྲིད་དོན་ཀུན་སྒྲུབ་སོགས་གཙོ་དོན་ཞབས་ཞུ་ལོངས་སུ་སྤྱོད་ཆོག་ལ། ཁེ་ལས་དང་མང་ཚོགས་ཀྱིས་ད་དུང་ཏོག་གསར་གློ་རིམས་འགོག་ཟོན་ཞབས་ཞུ་དང་། དཀར་མཛེས་ཁུལ་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་ཆ་འཕྲིན་འདྲི་ལེན། དཀར་མཛེས་ཁུལ་རླངས་འཁོར་དོ་དམ་ཁང་གི་གནས་ཚུལ་འདྲི་ལེན་སོགས་དམངས་བདེ་ཞབས་ཞུ69ཡང་མྱོང་རོལ་བྱེད་ཆོག་ལ། དེ་བཞིན་ཨར་ལས་འཛུགས་སྐྲུན་ལས་གཞིའི་མཆན་འགོད་དང་། ལག་གཉེར་ལག་ཁྱེར་སྒྲུབ་གཉེར་སོགས་ལས་སྒྲུབ་ལེ་ལག་ཆ་འགྲིག9བྱ་ཆོག་པ་རེད།།

བོད་སྐད་ཀྱིས་དྲྭ་ཐོག་ལས་སྒྲུབ་བྱེད་ཚུལ་འདིས་དམངས་ཀྱི་དཀའ་ངལ་བསལ།
བོད་སྐད་ཀྱིས་དྲྭ་ཐོག་ལས་སྒྲུབ་བྱེད་ཚུལ་འདིས་དམངས་ཀྱི་དཀའ་ངལ་བསལ།


  • ལེ་ཚན་སྔོན་མ།:སྣུར་སྲིང་བྱེད་བཞིན་པའི“གསར་བརྗེའི་ལམ་བུ”།
  • ལེ་ཚན་རྗེས་མ།:ཁྲོ་ལའི་ཕུག་ལམ་བཟོ་སྐྲུན་ལ་བྱ་དགའ་ཆེན་པོ་ཞིག་ཐོབ་འདུག།
  • དོ་སྣང་ཆེ་བའི་རྩོམ།