སྐལ་བཟང་རྒྱ་མཚོས་བྲིས་ཤིང་པར་བླངས། 2021-09-28
ཉེ་ཆར། འདབ་པ་རྫོང་རྫོང་ཨུའི་སྒྲོག་འགྲེལ་ཚོགས་པས་སྐར་ཐང་གྲོང་རྡལ་མི་དམངས་སྲིད་གཞུང་གི་རྒྱ་ར་ནང་འཛོམས་པའི་གྲོང་སྡེ11གི་གྲོང་མི500ལྷག་ལ་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་དྲན་ནས་ཏང་གི་རྗེས་སུ་འབྲང་དགོས་ཞེས་པས་བརྗོད་བྱ་གཙོ་བོ་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།
སྒྲོག་འགྲེལ་ཚོགས་འདུའི་ཐོག་ཏུ།རྫོང་ཨུའི་སྒྲོག་འགྲེལ་མི་སྣ་དང་སྐར་ཐང་གྲོང་རྡལ་གྱི་མགོ་ཁྲིད་རྣམས་ཀྱིས་རྒྱ་བོད་སྐད་རིགས་གཉིས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱར་འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དུ་གསུངས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཉེ་ཆར་ཀྲུང་དབྱང་དང་ཞིང་ཆེན།ཁུལ་དང་རྫོང་བཅས་ཏང་ཨུ་སྲིད་གཞུང་གིས་ཚོགས་པའི་ཚོགས་འདུ་གལ་ཆེན་གྱི་སྙིང་དོན་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱ་ཆེ་བའི་ངལ་རྩོལ་མི་དམངས་གཉའ་གནོན་དང་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་སྒྲོལ་པའི་ཆེད་ཀྱག་ཀྱོག་དཀའ་ངལ་ཅན་གྱི་ལོ་རྒྱུས་རིང་མོ་བརྒྱུད་ཚུལ་དང་།དེང་སང་ཏང་དང་རྒྱལ་ཁབ་ཀྱི་ཆབ་དཔལ་རིག་གསུམ་ལ་གྲུབ་འབྲས་བླ་ན་མེད་པ་ཐོབ་ཚུལ། མི་རིགས་ཁ་ཕྲལ་ལ་འགོག་རྒོལ་དྲག་པོ་བྱས་ཏེ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བརྟན་པོ་བྱ་དགོས་ཚུལ་སོགས་ཀྱི་ནང་དོན་རྣམས་མང་ཚོགས་ལ་གོ་བདེ་མོའི་ངང་ནས་སྒྲོག་འགྲེལ་བྱས་པ་རེད། ཚོགས་འདུར་ཞུགས་པའི་མི་སེར་ཚོར་སེམས་འགུལ་ཟབ་མོ་ཐེབས་ནས་དགའ་བསུའི་ཐལ་སྒྲ་ཡང་ཡང་རྡེབ་པ་དང་།ཏང་གི་བཀའ་དྲིན་དྲན་ནས་ཏང་གི་རྗེས་སུ་འབྲང་པའི་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་སོང་ཞེས་བཤད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10