འདབ་པ་ནས་ལོ་ངོ་ཁྲི13གོང་གི་རྡོ་ཆས་རྙིང་པའི་གནའ་ཤུལ་རྙེད།

བློ་ཐུབ་བསྟན་གྱིས་བསྒྱུར།        2021-09-28

འདབ་པ་ནས་ལོ་ངོ་ཁྲི13གོང་གི་རྡོ་ཆས་རྙིང་པའི་གནའ་ཤུལ་རྙེད།

   ཟླ9ཚེས27ཉིན་རྒྱལ་ཁབ་རིག་དངོས་ཅུས་ཀྱིསཀྲུང་གོར་གནའ་རྫས་རྟོབ་ཞིབ་བྱེད་པའིརྣམ་གྲངས་གལ་ཆེན་གྱི་འཕེལ་རིམ་ལས་དོན་ཚོགས་འདུ་འཚོགས་ནས་སི་ཁྲོན་འདབ་པ་ནས་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི100ཙམ་ཡོད་པའི་རྡོ་ཆས་རྙིང་པའི་གནའ་ཤུལ་ཏེ་ཕུག་ལུང(皮洛རྒྱ་ཡིག་ལས་སྒྲ་ཐད་བསྒྱུར་ལས་བོད་ཡིག་མ་རྙེད།གནའ་ཤུལ་རྙེད་པ་ཁྱབ་བསྒྲགས་བྱས་པ་རེད། གནའ་ཤུལ་དེ་མ་མཐར་ཡང་ད་བར་ལོ་ཁྲི13ཡན་ཡིན་པ་དང་དེ་བས་ཀྱང་གལ་འགངས་ཆེ་བ་ཞིག་ནི་དེ་མཚོ་བོད་མཐོ་སྒང་གི་ཤར་འདབས་སུ་གནས་པ་དང་ས་བབ་ཀྱི་མཐོ་ཚད་སྨི3750ཟིན་ཡོད་པ་རེད། གནའ་ཤུལ་སྔོག་འདོན་བྱས་པ་ནས་བཟུང་།གནའ་རྫས་རྟོག་ཞིབ་མི་སྣས་དེ་གར་ནས་སྟ་རེ་རྩིས་པའི་རྡོ་བཟོས་ཐོན་རྫས་ཁྲི་ཙམ་རྙེད་ཡོད་པ་དེ་ཐོག་ནས་བལྟས་ན།མ་མཐར་ཡང་ལོ་ཁྲི13གྱི་གོང་གི་མིའི་རིགས་ཀྱིས་མིའི་རིགས་འཚོ་གནས་བྱ་ས་དེ་འདྲ་མི་འཚམ་པའི་མཚོ་བོད་མཐོ་སྒང་དེ་དབང་དུ་བསྡུ་འགོ་ཚུགས་པ་ར་སྤྲོད་ཐུབ་ཡོད། ལྷག་པར་དུ་སྤུས་ལེགས་ཀྱི་སྟ་རེ་སོགས་ཨ་ཧྲེ་ལིའི་ཐོན་རྫས་སྡེབ་སྒྲིག་བྱས་ཏེ།ཤར་ཕྱོགས་ཀྱི་གནའ་བོའི་མིའི་རིགས་ཀྱི་རིག་གནས་དེ་ནུབ་ཕྱོགས་ཀྱི་རྗེས་སུ་ལུས་ཡོད་པའི་རིག་གཞུང་གི་བཤད་ཚུལ་དེ་ནི་ཁུངས་མེད་གཏམ་འཆལ་རང་ཡིན་པ་ར་སྤྲོད་བྱས།

 འདབ་པ་ནས་ལོ་ངོ་ཁྲི13གོང་གི་རྡོ་ཆས་རྙིང་པའི་གནའ་ཤུལ་རྙེད།

  རིགས་གཅིག་མཁས་ཅན་གྱིས་ཕུག་ལུང་རྗེས་ཤུལ་ནི་འཛམ་གླིང་རང་བཞིན་གྱི་རིག་གཞུང་དང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གསར་པ་ཞིག་ཡིན་པ་དང་དེས་རྒྱལ་ཁབ་ཕྱི་ནང་དུ་རིག་གཞུང་གི་ཤུགས་རྐྱེན་ཐེབས་ཤུགས་གལ་ཆེན་ཐོན་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།

 འདབ་པ་ནས་ལོ་ངོ་ཁྲི13གོང་གི་རྡོ་ཆས་རྙིང་པའི་གནའ་ཤུལ་རྙེད།

     ཨེ་ཤ་ཡ་ཤར་མའི་སྟ་རེ་དང་མིའི་རིགས་ས་བབ་མཐོ་བའི་ཁོར་ཡུག་དང་འཚམ་པར་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་འཚོལ་ཞིབ་བྱེད་ཆེད། 2019ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་རྡོ་ཆས་རྙིང་པའི་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀྲེན་ཀྲེང་ཤོན་གྱིས་འབྲེལ་ཡོད་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཁྲོན་ནུབ་ས་མཐོར་རྡོ་ཆས་རྙིང་པའི་གནའ་རྫས་རྟོག་ཞིབ་ཀྱི་ཆེད་དོན་བརྟག་དཔྱད་ལས་དོན་སྤེལ་ནས་འདབ་པ་རྫོང་ནས་ཕུག་ལུང་གནའ་ཤུལ་རྙེད་པ་དང་འབྲེལ་པེ་ཅིང་སློབ་ཆེན་གནའ་རྫས་རྟོག་ཞིབ་རྟེན་རྫས་བཤམས་མཛོད་ཁང་དང་མཉམ་དུ་2021ལོའི་ཟླ་བཞི་པར་གནའ་ཤུལ་དངོས་སུ་སྔོག་འདོན་བྱས་པ་རེད། སྔོག་འདོན་བརྟག་དཔྱད་ལས་དོན་ལས་མངོན་པར།ཕུག་ལུང་རྗེས་ཤུལ་ནི་ཡུལ་དུས་གནས་ཡུལ་དམིགས་བསལ་དང་།གཞི་ཁྱོན་ཆེ་བ།ས་རིམ་ཉར་ཚགས་ལེགས་པ།རིག་གནས་ཀྱི་རིམ་སྟར་གསལ་བ།ཤུལ་བཞག་དངོས་རྫས་ཕུན་སུམ་ཚོགས་པ།ལག་རྩལ་གྱི་ཁྱད་ཆོས་གསལ་བ།རིག་གནས་ཀྱི་རྒྱུ་རྐྱེན་སྣ་ཚོགས་གཅིག་ཐོག་གཅིག་བརྩེགས་བཅས་ཀྱི་མཐོང་བ་དཀོན་པའི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་ཐང་རྒོད་གནའ་ཤུལ་ཆེ་གྲས་ཤིག་ཡིན་པ་རེད།

 འདབ་པ་ནས་ལོ་ངོ་ཁྲི13གོང་གི་རྡོ་ཆས་རྙིང་པའི་གནའ་ཤུལ་རྙེད།

འདབ་པ་ནས་ལོ་ངོ་ཁྲི13གོང་གི་རྡོ་ཆས་རྙིང་པའི་གནའ་ཤུལ་རྙེད།

     རྗེས་ཤུལ་ལ་རྡོ་བཟོས་ཐོན་རྫས་དང་མེ་སྤྱད་ཀྱི་རྗེས་ཤུལ་ཁྱོན་ཁྲི་ཙམ་ཡོད་པ་དང་།མ་ལག་ལྡན་པའི“བྲག་རྡོའི་རྡོ་ཆས་སྡེབ་སྒྲིག-ཨ་ཧྲེ་ལིའི་ལག་རྩལ་མ་ལག”གི་རྡོ་ཆས་རྙིང་མའི་རིག་གནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་འགྲེམས་སྟོན་བྱས་ནས་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་མཚོན་བྱེད་རང་བཞིན་གྱི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་རིག་གནས་རིམ་སྟར་ཐོག་མར་བཙུགས་པ་དང་། གནའ་ཤུལ་ནས་རྙེད་བའི་སྟ་རེ་ནི་མིག་སྔའི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཨ་ཧྲེ་ལིའི་ལག་རྩལ་ཤུལ་བཞག་ཅིག་ཡིན་ལ་མིག་སྔར་ཨེ་ཤེ་ཡ་ཤར་མའི་ས་ཁུལ་གྱི་རྣམ་པ་དཔེ་མཚོན་ཆེ་ཤོས་དང་།བཟོ་སྐྲུན་ཡག་ཤོས།ལག་རྩལ་བྱང་ཆུབ་ཤོས།སྡེབ་སྒྲིག་ཆ་ཚང་ཤོས་བཅས་ཀྱི་ཨ་ཧྲེ་ལི་མཉམ་སྡེབ་ཅིག་ཀྱང་ཡིན་པས་ཞིབ་འཇུག་དང་རྡོ་ཆས་རྙིང་པའི་དུས་རབས་ཀྱི་ཤར་ནུབ་རིག་གནས་སྤེལ་རེས་ལ་འགག་རྩའི་དཔང་རྟགས་མཁོ་འདོན་བྱས་ཡོད། གནའ་ཤུལ་དེར་རྒྱུན་མཐུད་ཀྱི་ས་རིམ་ཕུང་གསོག་ཐེབས་པ་དང་།འཐུས་སྒོ་ཚང་བའི་ས་འོག་ཏུ་སྦས་པའི་ཆ་རྐྱེན།གསལ་པོ་ཡིན་པའི་རྡོ་ཆས་ལག་རྩལ་རིམ་འགྱུར་གྱི་གོ་རིམ་བཅས་ཀྱི་ཐོག་ནས་སྔ་དུས་མིའི་རིགས་ཀྱིས་ས་བབ་མཐོ་བའི་མཐར་སོན་ཁོར་ཡུག་དབང་དུ་བསྡུ་བའི་ནུས་པ་དང་།བྱེད་ཐབས།ལོ་རྒྱུས་ཀྱི་འཕེལ་རིམ་བཅས་མཚོན་པ་དང་།མིའི་རིགས་གང་སར་ཁྱབ་པ་ཞིབ་འཇུག་དང་ས་བབ་མཐོ་བའི་ཁོར་ཡུག་དང་འཚམ་པ་བྱ་ཆེད་ཆ་འཕྲིན་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད། དེ་དག་ལས་ཕི་ལུའོ་རྗེས་ཤུལ་ནི་འཛམ་གླིང་རང་བཞིན་གྱི་རིག་གཞུང་དང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གསར་པ་ཞིག་ཡིན་པ་དང་དེས་རྒྱལ་ཁབ་ཕྱི་ནང་དུ་རིག་གཞུང་གི་ཤུགས་རྐྱེན་ཐེབས་ཤུགས་གལ་ཆེན་ཐོན་རྒྱུ་ཡིན་པ་མཚོན་ཡོད།

འདབ་པ་ནས་ལོ་ངོ་ཁྲི13གོང་གི་རྡོ་ཆས་རྙིང་པའི་གནའ་ཤུལ་རྙེད།
འདབ་པ་ནས་ལོ་ངོ་ཁྲི13གོང་གི་རྡོ་ཆས་རྙིང་པའི་གནའ་ཤུལ་རྙེད།


  • ལེ་ཚན་སྔོན་མ།:འདབ་པ་རྫོང་གིས་ཏང་དྲིན་དྲན་པའི་གཙོ་དོན་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།