གསར་བརྗེའི་རྗེས་རབས་པ་གསར་བརྗེའི་གནས་མཆོག་དཀར་མཛེས་ཁུལ་དུ་ཡོང་ནས་ཏང་གི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད་བཤད་པའི་བྱེད་སྒོ་དེ་དར་མདོར་སྤེལ།

སྐལ་ཐུབ་ཀྱིས་བྲིས།        2021-09-29

གསར་བརྗེའི་རྗེས་རབས་པ་གསར་བརྗེའི་གནས་མཆོག་དཀར་མཛེས་ཁུལ་དུ་ཡོང་ནས་ཏང་གི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད་བཤད་པའི་བྱེད་སྒོ་དེ་དར་མདོར་སྤེལ།

       སྤྱི་ཟླ9པའི་ཚེས27ཉིན་ལ། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་། ཀྲུང་གུང་དར་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀྲུང་གུང་ལྕགས་ཟམ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། དུང་དཀར་ལུང་པའི་ལྗོངས་ཁུལ་ཏང་ཨུ། གུང་གཞོན་ཚོགས་པ་ཁུལ་ཨུ། དར་མདོ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་བཅས་ཀྱི་སྒྲུབ་འགན་ཁུར་བའི2021ལོའི་ཁུལ་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་ཆེད་དོན་སློབ་སྦྱོང་ཐེངས་བརྒྱད་པའམ་གསར་བརྗེའི་རྒྱུད་པ་འཛིན། གསར་བརྗེའི་ཁྲག་རྒྱུན་སྐྱོང་ཞེས་པའི་གསར་བརྗེའི་རྗེས་རབས་པ་གསར་བརྗེའི་གནས་མཆོག་དཀར་མཛེས་ཁུལ་དུ་ཡོང་ནས་ཏང་གི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད་བཤད་པའི་བྱེད་སྒོ་དེ་དར་མདོ་གྲོང་ཁྱེར་དུ་སྤེལ་བ་རེད།

ཐེངས་འདིར་བློ་མཐུན་མའོ་ཙེ་ཏུང་གི་སྣག་ཚ་བློ་མཐུན་ཝང་ཞའོ་ཀྲི་དང་། བློ་མཐུན་ཀྲོའུ་ཨེན་ལེའི་ཚ་བོའི་སྣག་ཚ་སྐུ་ཞབས་ཧྲེན་ཆིང་། བློ་མཐུན་ཀྲུའུ་ཏེའི་སྣག་ཚ་བློ་མཐུན་ལིའུ་མེ་དང་སྣག་མནའ་བློ་མཐུན་ཀའོ་ཆི། བློ་མཐུན་རེན་པེ་ཧྲིའི་སྣག་ཚོ་བློ་མཐུན་རེན་པེ་ཅིན། བློ་མཐུན་ལུའོ་ཧུང་པུའེ་ཡི་བུ་བློ་མཐུན་ལུའོ་ཞུན་ཏུང་དང་མནའ་མ་ཀྲའོ་ཞང་ཏི་བཅས་གདན་འདྲེན་ཞུས་ནས་ཏང་གི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད་བཤད་པ་རེད། ཧྲུའུ་ཅི་ཆེན་པོ་བཞིའི་རྗེས་རབས་པ་གནས་གཅིག་ཏུ་འཛོམས་ནས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་བྱེད་སྒོ་སྤེལ་བར་མཚོན་ན་རྒྱལ་ཡོངས་སུ་ཐེངས་དང་པོ་ཡིན་པ་རེད།

ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་གྲགས་ཅན་འཆི་མེད་དབང་མོས་བྱེད་སྒོ་མདོ་འཛིན་བྱས་ཤིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་ཤིས་ཚིག་ཕུལ་བ་དང་། ཁོང་གིས་སྔོན་བྱོན་གསར་བརྗེ་པའི་རྗེས་རབས་ཚོ་དཀར་མཛེས་ཁུལ་དུ་ཡོང་ནས་གསར་བརྗེའི་གཏམ་རྒྱུད་བཤད་པའི་བྱེད་སྒོ་དེས་རང་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཟབ་ཏུ་སྤེལ་བ་དང་། རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་རང་རྟོགས་ངང་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་ཅིང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་མུ་མཐུད་དེ་ཇེ་དྲག་ཏུ་གཏང་བར་སློབ་གསོ་སྐུལ་འདེད་ཀྱི་ནུས་པ་ཕན་འབྲས་ལྡན་པ་འདོན་ཐུབ་ཀྱི་རེད། ཁུལ་ཡོངས་ཀྱིས་གོང་འོག་ཚང་མས་གསར་བརྗེའི་རྒྱུད་པ་འཛིན་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟུང་དུ་སྦྲེལ་ནས། རྒྱང་སྐྱོད་སྙིང་སྟོབས་དང་ལམ་གཉིས་སྙིང་སྟོབས་འཛིན་སྐྱོང་དར་སྤེལ་ཤུགས་ཆེན་བྱེད་པ་དང་། བློ་རྩ་བརྟན་པོས་ཏང་གི་རྗེས་སུ་འབྲང་ཞིང་གསར་བརྗེའི་རྒྱུད་པ་སྐྱོང་བའི་ལས་ཇུས་དོ་དན་གྱིས་སྤེལ་བ་དང་། གསར་བརྗེའི་གཏམ་རྒྱུད་ཁྲོད་དུ་བསམ་པའི་འཚོ་བཅུད་སྡུད་ཅིང་ཏང་དང་རྒྱལ་ཁབ། དེ་བཞིན་སྤྱི་ཚོགས་རིང་ལུགས་བཅས་ཀྱི་བརྩེ་སེམས་བཅས་ཀུན་ནས་གསོ་སྐྱོང་བྱས་ཏེ། གསར་བརྗེའི་རྒྱུད་པ་དང་གསར་བརྗེའི་ཁྲག་རྒྱུན། གསར་བརྗེའི་སྙིང་སྟོབས་བཅས་དཀར་མཛེས་ཁུལ་དུ་མི་རབས་ནས་མི་རབས་བར་འཛིན་སྐྱོང་བྱ་དགོས་ཞེས་གསུངས་པ་རེད།

དེ་ནས་བློ་མཐུན་རེན་པེ་ཅིན་དང་སྐུ་ཞབས་ཧྲེན་ཆིང་། བློ་མཐུན་ཀའོ་ཆི་བཅས་ཀྱིས་སྔོན་རྗེས་སུ་གསར་བརྗེའི་གཏམ་རྒྱུད་བཤད་ཅིང་། བློ་མཐུན་ལུའོ་ཞུན་ཏུང་གིས་གསར་བརྗེའི་ཁྱིམ་ཚང་གི་ཁྱིམ་སྲོལ་བཟང་པོའི་སྐོར་གླེང་བ་དང་། ལོ་ན83ལ་སོན་པའི་རྒན་རྒོན་བརྩོན་འགྲུས་སྒྲོལ་མས་ལག་ཏུ་མའོ་ཀྲུའུ་ཞི་ཨན་ཡོན་དུ་བཞུགས་པའི་སྣུམ་པར་ཞིག་ལག་ཏུ་ཁུར་ནས་ཡུལ་དངོས་སུ་མའོ་ཀྲུའུ་ཞིའི་སྣག་ཚ་བློ་མཐུན་ཝང་ཞའོ་ཀྲི་དང་ཁ་བཏགས་འབུལ་རེས་བྱས་པའི་སྣང་ཚུལ་དེས་ཚང་མར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་ཡོད། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥེང་ཧྥ་ཀུའེ་ཡིས་ཁུལ་ཨུའི་ཚབ་བྱས་ནས་བློ་མཐུན་ཝང་ཞའོ་ཀྲི་དང་ཧྲེན་ཆིང་། ལིའུ་མེ། ཀའོ་ཆི། རེན་པེ་ཅིན། ལུའོ་ཞུན་ཏུང་བཅས་ལ་དཀར་མཛེས་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བློ་འདྲི་བའི་ལག་ཁྱེར་སྤྲད་པ་དང་། དར་མདོ་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གི་སློབ་མ་ཚོས་གླུ་དབྱངས་སྦྲེལ་ལེན་བྱས་པ་རེད།

ཐེངས་འདིའི་བྱེད་སྒོ་ནི་སྔར་ལས་ལྷག་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཚ་ཚ་འུར་འུར་སྒོ་ནས་སྤེལ་བ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་རྙིང་ཁུལ་དར་རྒྱས་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱེད་པའི་བཞུགས་མོལ་གྲོས་ཚོགས་སོགས་གྲོས་ཚོགས་རབ་རིམ་གྱི་སྙིང་དོན་ལག་ལེན་མཐར་ཕྱིན་བྱ་ཆེད་སྤེལ་བ་ཡིན།

བྱེད་སྒོའི་ཐོག་ཏུ་ད་དུང་ཁུལ་ཨུས་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཆེད་དོན་སློབ་སྦྱོང་གྲོས་ཚོགས་འཚོག་པ་དང་དམིགས་སུ་ཟུང་འབྲེལ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རང་ཁུལ་དུ་ཟབ་སྤེལ་བྱེད་ཅིང་། བྱེད་སྒོའི་ཡུལ་དངོས་དང་རྫོང་ངམ་གྲོང་ཁྱེར18ཡི་དྲྭ་ཐོག་དང་དྲྭ་ཕྱིའི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ། ལོ་རྒྱུས་ཀྱི་འདས་དོན་ལ་ཉན་ཞིང་གསར་བརྗེའི་སྙིང་སྟོབས་རྒྱུད་འཛིན་བྱེད་དུ་འཇུག་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ་གངས་ལྗོངས་ཁམས་ཁུལ་ལ་ལོ་བརྒྱའི་འཕོ་འགྱུར་ཆེན་པོ་བྱུང་བ་དང་། ལོ་བརྒྱའི་ཏང་གི་ལོ་རྒྱུས་ནང་དུ་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བསྐྲུན་ཡོད་པ་མྱོང་ཚོར་བྱ་རུ་བཅུག་ཡོད།

ད་ཆའི་བར། ཐེངས་འདིའི་བྱེད་སྒོའི་ཁྲོད་དུ་ཞུགས་པའི་དྲྭ་ཐོག་དང་དྲྭ་ཕྱིའི་ལྟད་མོ་བ་ཁྲི520ལྷག་ལ་ཟིན་པ་དང་། མི་ཁྲི600ལྷག་གི་བསྟོད་བསྔགས་ཐོབ་ཅིང་། མི་ཁྲི3ལྷག་གིས་དཔྱད་པ་བརྗོད་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས2021ལོའི་རྒྱལ་སྟོན་དུས་ཆེན་གྱི་གུང་སེང་གཟའ་འཁོར་གྱི་ཞབས་ཞུ་འགན་སྲུང་གི་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:སྣུར་སྲིང་བྱེད་བཞིན་པའི“གསར་བརྗེའི་ལམ་བུ”།
  • དོ་སྣང་ཆེ་བའི་རྩོམ།