རང་ཁུལ་གྱིས2021ལོའི་རྒྱལ་སྟོན་དུས་ཆེན་གྱི་གུང་སེང་གཟའ་འཁོར་གྱི་ཞབས་ཞུ་འགན་སྲུང་གི་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2021-09-29

སྤྱི་ཟླ9པའི་ཚེས24ཉིན། རང་ཁུལ་གྱིས2021ལོའི་རྒྱལ་སྟོན་དུས་ཆེན་གྱི་གུང་སེང་གཟའ་འཁོར་གྱི་ཞབས་ཞུ་འགན་སྲུང་གི་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། རྒྱལ་སྟོན་དུས་ཆེན་གྱི་གུང་སེང་གཟའ་འཁོར་གྱི་ཞབས་ཞུའི་འགན་ལེན་ལས་ཀ་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། དར་མདོ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཡན་ལེ་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱས་ནས་ལས་ཀའི་གཞི་ཐིག་གཏན་འཁེལ་ནན་པོ་བྱ་དགོས་པ་དང་། ཆུ་མ་ཤོར་གོང་ནས་རགས་རྒྱག་པའི་བསམ་བློ་བཅངས་ནས་ཞབས་ཞུ་འགན་སྲུང་གི་ལས་ཀ་ཁག་ཡག་པོ་བསྒྲུབ་དགོས། ས་གནས་ཁག་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་གོ་སྐབས་དམ་འཛིན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཡུལ་སྐོར་ཞུ་གཏུག་ཚབས་ཆེན་དང་ཆུ་ཚོད་ཕྱེད་ཀ་ཡན་གྱི་གཞི་ཁྱོན་ལྡན་པའི་འགྲིམ་འགྲུལ་འགག་པ། ཉེན་མེད་ཐོན་སྐྱེད་ཀྱི་ལས་འཛོལ་ཅུང་མང་བ། སྤྱི་ཚོགས་བདེ་འཇགས་བརྟན་བརླིང་དང་འབྲེལ་བ་ཡོད་པ་བཅས་ཀྱི་དོན་རྐྱེན་ཐོན་རྒྱུ་ནན་འགོག་བྱ་དགོས། འགག་རྩ་ཐུག་ས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ། དམ་འཛིན་ནན་པོ་བྱས་ནས་ཞབས་ཞུའི་ལས་ཀ་ཁག་ཡག་པོ་སྒྲུབ་དགོས། ཉེན་མེད་ཡོང་བར་འགན་ལེན་བྱས་ནས་ཉེན་ཁའི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་སེལ་བ་དང་དོན་འཁྱོལ་ཞིབ་ཚགས་དང་རྒྱུན་རྣམ་ཅན་གྱི་གནད་སྨིན་འགོག་ཟོན་བྱེད་ཐབས་དོན་འཁྱོལ་བྱ་དགོས། ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ་གནམ་གཤིས་གནོད་འཚེ་དང་མཛེས་ལྗོངས་ཁུལ། འགྲོ་ལམ་འགྲིམ་འགྲུལ། ཡུལ་སྐོར་ཞབས་ཞུའི་གྲོས་དྲིས། ཞུ་གཏུག་ཐེར་འདོན་ཁ་པར་སོགས་ཞབས་ཞུའི་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས་ཡུལ་སྐོར་བ་གཅིག་སྡུད་ས་ཁོངས་སུ་གྲོས་འདྲིའི་ཞབས་ཞུ་ས་ཚུགས་འཛུགས་དགོས། ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་བྱས་ནས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་སྣང་བརྙན་ལ་གནོད་འཚེ་གཏོང་མཁན་སྡེ་ཚན་དང་མི་སྒེར་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་རྡུང་རྡེག་ཚ་ནན་གཏང་དགོས། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་གློག་ཤུགས་དང་འཕྲིན་གཏོང་། འཐུང་ཆུ་ཉེན་མེད་དང་གཙོ་གནད་ལམ་དུམ་བུའི་ཐོག་འགྲོ་འོང་བྱེད་མཁན་རླངས་འཁོར་བདེ་བླག་ངང་ཤར་གཏོང་ཐུབ་པ་བྱ་དགོས། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་སྒྲིག་ཁྲིམས་ཀྱི་སྒྲིག་ལམ་ནན་དུ་བཏང་ནས་དངོས་སྒྲུབ་འགན་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་ཞབས་ཞུ་འགན་སྲུང་གི་ལས་ཀ་ཁག་ཡག་པོ་བསྒྲུབ་དགོས་ཞེས་བླང་བྱ་བཏོན་པ་རེད།། 


  • ལེ་ཚན་སྔོན་མ།:འདབ་པ་ནས་ལོ་ངོ་ཁྲི13གོང་གི་རྡོ་ཆས་རྙིང་པའི་གནའ་ཤུལ་རྙེད།
  • ལེ་ཚན་རྗེས་མ།:གསར་བརྗེའི་རྗེས་རབས་པ་གསར་བརྗེའི་གནས་མཆོག་དཀར་མཛེས་ཁུལ་དུ་ཡོང་ནས་ཏང་གི་ལོ་རྒྱུས་སྐོར་གྱི་གཏམ་རྒྱུད་བཤད་པའི་བྱེད་སྒོ་དེ་དར་མདོར་སྤེལ།
  • དོ་སྣང་ཆེ་བའི་རྩོམ།