སྣུར་སྲིང་བྱེད་བཞིན་པའི“གསར་བརྗེའི་ལམ་བུ”།

ཀུན་དགས་བསྒྱུར་ཞུས་བྱས།        2021-09-29

ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་སྔོག་འདོན་བྱེད་ཚད་རིམ་རྩིས་བྱས་ན་སྨི་ཁྲི་གཉིས་ལས་བརྒལ།

སྣུར་སྲིང་བྱེད་བཞིན་པའི“གསར་བརྗེའི་ལམ་བུ”།
ལྕགས་ཟམ་ཁ་ལམ་དུམ་གྱི་ཕུག་ལམ་སྨི10000བརྒལ།

“བཀག་སྡོམ་ཁུལ”དུ་ངར་ཤུགས་སྤེལ་ནས“མཆོག་ནོར་གཉིས”ཀྱི་དཀའ་གནད་སྒྲོལ་བ།

སྤྱི་ཟླ9པའི་ཚེས21ཉིན་གྱི་ཉིན་དགུང་མེ་སྒྱོགས་ཀྱི་སྒྲ་གྲགས་པ་དང་བསྟུན་ནས་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམTJ3དུམ་བུའི་དབྱི་ལའང་པའོ་ཕུག་ལམ་ལས་གཞིའི་ཕུག་ལམ་རྐྱང་པར་སྨི554སྔོག་འདོན་བྱས་ཡོད་ཅིང་།དེ་ལས་ལྕགས་ཟམ་ཁའི་ལམ་དུམ་གྱི་མྱུར་བགྲོད་ཕུག་ལམ་རིང་ཚད་བསྡོམས་འབོར་སྨི་ཁྲི1ལས་བརྒལ་བ་དང་ལམ་ཐིག་ཡོངས་ཀྱི་ཕུག་ལམ་རིང་ཚད་རིམ་རྩིས་བྱས་ན་སྨི་ཁྲི2ལས་བརྒལ་ཡོད། ཧྲུའུ་ཏའོ་ཚོགས་པའི་མཐོ་བོད་ལྕགས་ཟམ་ཁ་ནས་སྲིབ་སྨད་མྱུར་བགྲོད་གཞུང་ལམ་གྱི་ཏང་ཨུའི་ཧྲུའུ་ཅི། ལས་འཛིན་པ་ཡོན་ཧྥེ་ཡུན་གྱིས་ང་ཚོས་རིམས་ནད་ཀྱི་གནས་ཚུལ་དང་ཆུ་ལོག་གི་གནས་ཚུལ།ས་གཤིས་ཀྱི་གནོད་འཚེ་སོགས་ཚོད་བགམ་དྲག་པོའི་མདུན་དུ་ཕྱིར་བཤོལ་བྱས་མེད། གསར་བརྗེའི་ལམ་བུ་འདིའི་ཐོག་ཏུ་གཞུང་ལམ་གྱི་ཕུག་ཟམ་གསུམ་བསྐྲུན་པར་མ་ཟད། ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་འཐུས་ཚང་དུ་བཏང་བ་དང་ཆབས་ཅིག། ལས་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།ད་སྔར་བསྐྲུན་པའི་ཕུག་ལམ་གྱི་རིང་ཚད་ལ་སྨི20000ལྷག་ཡོད་པ་དེ་ནི་ང་ཚོའི་ལས་ཀའི་གྲུབ་འབྲས་ཀྱི་དཔང་རྟགས་ནུས་ལྡན་ཞིག་ཡིན་ཞེས་བཤད།

ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ནི་དམར་དམག་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་པའི་ཚད་མཐོའི“གསར་བརྗེའི་ལམ་བུ”ཞིག་ཡིན་ཞིང་། ཕུག་ལམ་ལས་གཞི་དེ་ས་ཁོངས་རང་བཞིན་གྱི་བྱེད་སྒོ་མང་པོ་དང་མཉམ་གཤིབ་ངང་འབྲེལ་ཡོད་པས་ས་ཡོམ་གྱི་གཏོར་ཚད་ནི་ཏུའུ་གྲངས(ཏུའུ་བརྒྱད)ཡིན་པ་རེད། ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱིས་བལྟས་ན།ས་ཡོམ་ཤུགས་ཆེའི་ཁུལ་གྱི་མཉམ་འགྲོ་གས་སྲུབས་རྒྱུད་ཀྱི་བརྒྱུད་གཞི་ཁྱོན་ཆེ་བའི་ས་འོག་གི་ཕུག་ལམ་ཁྱུ་ཚོགས་དེ་ནི་ལས་གྲྭ་བཀག་སྡོམ་ཁུལ་ཞིག་ཡིན་པས་འཛམ་གླིང་བཟོ་སྐྲུན་ལས་རིགས་སུ“ཐེངས་དང་པོ་ཡིན་པའི”ངོས་འཛིན་བྱེད་ཀྱི་ཡོད།

དེའི་ཐད་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་པ་ཚོས་བསམ་བློ་མང་པོ་བཏང་ཡོད། རྩེ་རིམ་ཇུས་འགོད་དང་མ་ལག་སྐྲུན་པའི་ཐད་ཚེ་ཚད་ཧྲིལ་པོའི་དུས་འཁོར་གྱི་འདུ་ཤེས་བཙུགས་ནས་རྩེ་རིམ་ཇུས་འགོད་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཡོད། ས་གཤིས་བདམས་ཐིག་དང་ཉེན་མེད་བདམས་ཐིག་ལ་མཐོང་ཆེན་བྱས་ནས་ལམ་ཕྱོགས་དང་ཇུས་གཞི་བདམས་ཏེ་གཡོལ་ཐབས་མེད་པའི་གནས་ཚུལ་འོག་ཏུ་བྱེད་སྒོ་གས་སྲུབས་ས་རྒྱུད་དང་བྲལ་གང་ཐུབ་བྱས་ནས་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ཡོད། དེང་རབས་ཀྱི་ལས་གྲྭའི་དོ་དམ་མ་ལག་འཛུགས་པ་དང་ཁང་བདག་གི་གཙོ་ཁྲིད་ནུས་པ་ཆེ་རུ་བཏང་བ། ལས་གྲྭའི་སྤུས་ཚད་དང་ཉེན་མེད།གདུབ་ཆུ་འགན་སྲུང་བཅས་ཚད་གཞི་ཅན་གྱི་དོ་དམ་མ་ལག་ཁྱབ་སྤེལ་བཏང་བ། “ཕྱོགས་བཞིའི”སྤུས་ཚད་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་།“ནན་པོ་གསུམ”གྱི་ཨར་ལས་ལ་སྐུལ་འདེད་བཏང་བ།“མེད་པ་གསུམ”གྱི་ལས་གྲྭ་འཛུགས་སྐྲུན་བྱས་པ།ཚད་གཞི་ཅན་གྱི་ཕྱོགས་སྟོན་དོན་འཁྱོལ་བྱས་པ།ཨར་ལས་ཚོགས་ཆུང་དང་སྡེ་ཚན་ཡོངས་ཀྱི་དོ་དམ་ཁྱབ་གདལ་བཏང་བ།“ཆ་འཕྲིན་ཅན་དང་གྲངས་གཞི་ཅན་ཟུང་དུ་འབྲེལ་བའི”དོ་དམ་ཚོད་འཛིན་བྱས་པ།སྤུས་ལེགས་དང་རིན་གོང་མཐོ་བའི་དཔྱད་གདེང་ཐེབས་རྩ་འཛུགས་པ། ལྕག་སྐུལ་མ་ལག་གཏོད་པ་བཅས་བྱས་ནས་ཨར་ལས་བརྒྱུད་རིམ་ཧྲིལ་པོར་དོ་དམ་ནན་པོ་བྱ་རྒྱུ་འགན་ལེན་བྱས་ཡོད། འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གྲངས་གཞི་ཕན་ཚུན་འབྲེལ་མཐུད་བྱས་པ་དང་། ཨར་ལས་སྡེ་ཚན་གྱི་ལས་དོན་དང་བར་ཐག་མེད་པའི”མཛུབ་ཁྲིད་འོག་འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་གི་བསམ་བློ་གཅིག་གྱུར་ཡོང་བ་བྱས་ནས་ཕྱོགས་ཁག་གི་མཐུན་སྦྱོར་ལས་དོན་གྱི་ལམ་སྲོལ་བཙུགས་ཏེ་ཆ་འཕྲིན་ཅན་གྱི་དོ་དམ་ལས་སྟེགས་བརྒྱུད་ནས་ཇུས་འགོད་དང་ཨར་ལས།སྐྱེལ་འདྲེན། སྲུང་སྐྱོང་བཅས་ཀྱི་གྲངས་གཞི་སྤེལ་རེས་དང་།ཚོད་ལྟ་དང་ཞིབ་དཔྱད་ཚད་ལེན་གྱི་གྲངས་གཞི་སྦྲེལ་མཐུད།ལས་མི་ཡོངས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བཅས་བྱས་ནས་མཉམ་འཛིན་སྤྱི་སྒྲུབ་བྱས་ཡོད།

ལག་རྩལ་བཀོལ་སྤྱོད་ཐད་ཇུས་འགོད་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཇུས་འགོད་སྣེ་འདྲེན་གྱི་ནུས་པ་འདོན་སྤེལ་བྱས་ཡོད། མཉམ་གཤིབ་ངང་བྱེད་སྒོ་ཆེ་གྲས་ཀྱི་གས་སྲུབས་ས་རྒྱུད་དང་འབྲེལ་མཐུད་བྱས་ནས་ཕུག་ལམ་ལ་ཤུགས་རྐྱེན་ཐེབས་རྒྱུར་བསམ་གཞིག་གང་ལེགས་བྱས་ཏེ་སྤུས་ཚད་ཉེན་མེད་ཡུན་རིང་པོར་ནུས་པ་ལྡན་པའི་དམིགས་སའི་རང་བཞིན་གྱི་ཇུས་འགོད་ཡག་པོ་བྱས་ནས་ཇུས་འགོད་ཀྱི་ངོ་བོའི་ཞན་ཆ་མེད་པ་བཟོས་ཡོད། ཨར་ལས་སྤུས་དག་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་ནས་དངོས་ཚན་གྱི་སྤུས་ཚད་ལེགས་པོ་ཡོང་བའི་འགན་ལེན་ཏན་ཏིག་བྱས་ཏེ“ཆ་ཚང་གསུམ”གྱི་ལས་ཀའི་བྱེད་ཐབས་སྤྱད་པ་བརྒྱུད་ཕུག་ལམ་ཨར་ལས་ཀྱི་ལས་རིམ་ཧྲིལ་པོ་དང་།འཁོར་སྐྱོད་ཧྲིལ་པོ།བརྒྱུད་རིམ་ཧྲིལ་པོ་བཅས་ནུས་ལྡན་ངང་དོ་དམ་ཐུབ་པ་དང་། འོད་གདོང་གས་གཏོར་ལེགས་བཅོས་བྱས་པར་བརྒྱུད་ཁྱོན་ཡོངས་ནས་སྤུས་ཚད་སྔོག་འདོན་བྱེད་པར་ཚོད་འཛིན་བྱས་ཡོད། ཚད་གསུམ་སྔོན་བརྒལ་གྱི་ས་གཤིས་སྔོན་བརྡའི་ལག་རྩལ་དང་།རིག་ནུས་སྔོག་འདོན་སྟེགས་བུའི་རླངས་འཁོར།རང་བཟོས་ཆ་ཚང་བཟོ་རྩལ་སྟེགས་བུའི་རླངས་འཁོར།མཁའ་དབྱིངས་གཞི་གཅིག་ཅན་གྱི་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་ལག་རྩལ་སོགས་བཟོ་རྩལ་གསར་པ་དང་།སྒྲིག་ཆས་གསར་པ།ལག་རྩལ་གསར་པ་བཅས་སྤྱད་པ་བརྒྱུད་ལས་གྲྭའི་དངོས་ཚན་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད། ཚན་རིག་ཞིབ་འཇུག་གནད་འཁེལ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཨར་ལས་ལ་དུས་ཐོག་ཏུ་མཛུབ་ཁྲིད་ནུས་ལྡན་བྱས་ཏེ་མཉམ་གཤིབ་བྱེད་སྒོ་ཆེ་གྲས་ཀྱི་གས་སྲུབས་ས་རྒྱུད་ཕུག་ལམ་འཛུགས་སྐྲུན་གྱི་འགག་རྩའི་ལག་རྩལ་ཚན་རིག་ཞིབ་འཇུག་འགག་སྒྲོལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་མགྱོགས་པོ་བཏང་ཡོད། ཕུག་ལམ་གྱི་གྲུབ་ཆར་ནུས་པ་ཐེབས་པའི་ཁྱད་ཆོས་དང་།ས་ཡོམ་འགོག་པའི་བྱེད་ཐབས།བྲག་རྡོ་དང་འབར་གས་སྔོན་དཔག་དང་འགོག་བཅོས་བྱེད་ཐབས་སོགས་དུས་རིམ་གྱི་ཞིབ་འཇུག་གྲུབ་འབྲས་དུས་ཐོག་ཏུ་ཐོབ་པ།ཡུལ་དངོས་སུ་ཨར་ལས་འཛུགས་སྐྲུན་ལ་མཛུབ་ཁྲིད་བཅས་བྱས་ནས་ཕུག་ལམ་བདེ་བླག་ངང་བསྐྲུན་རྒྱུར་འགན་ལེན་བྱས་ཏེ་དུས་འཁོར་ཧྲིལ་པོའི་འཁོར་སྐྱོད་དང་སྲུང་སྐྱོང་དོ་དམ་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། དེའི་ནང་ད་དུང་ཡུལ་དངོས་དོ་དམ་ཐད“སྔོག་འདོན་གཅིག་ཀྱང་མེད་པ”དང“སྐྱེལ་འདྲེན་ཚད་གཞི་ཐུང་བ།རྒྱབ་སྐྱོར་ཤུགས་ཆེན་བྱེད་པ”“སྔོན་བརྒལ་ས་གཤིས་སྔོན་བརྡ”“ལྟ་སྐུལ་ཚོད་འཛིན་བྱེད་ཚད་ཆེ་རུ་གཏོང་བ”སོགས་ཀྱི་འདུ་ཤེས་ཁྱབ་གདལ་གཏོང་རྒྱུར་མཐོང་ཆེན་བྱས་ཡོད་པ་རེད།

སྣུར་སྲིང་བྱེད་བཞིན་པའི“གསར་བརྗེའི་ལམ་བུ”།
ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱིTJ9ལམ་དུམ་གྱི་ཐོན་སྒོའི་གཡས་དོང་།

དུས་ཆེན་ལ་ལས་མཚམས་མི་བཞག་ནས་མི་ལྔ་སྟོང་ལྷག་གིས་ཐོན་སྐྱེད་བྱེད་པར་སྐུལ་སྤེལ་བཏང་།

“འབད་འཐབ་ནི་ལང་ཚོའི་བཀྲག་མདངས་ཆེ་ཤོས་ཀྱི་རྨང་གཞི་ཡིན” དུས་ཆེན་རིང་། འཛུགས་སྐྲུན་དམ་འཛིན་བྱེད་པའི་དུས་སྐབས་ཡག་ཤོས་ནི“གསར་བརྗེའི་ལམ་བུའི”ཐོག་གི་སྲོལ་རྒྱུན་ཞིག་ཏུ་གྱུར་ཡོད། འདི་ལོའི་ཟླ་མཆོད་དུས་ཆེན་རིང་ལམ་ཐིག་ཧྲིལ་པོའི་ལས་བྱེད་པ་དང་ལས་བཟོ5384ཡིས་ལྷག་བསམ་རྣམ་དག་ངང་མཐུན་སྒྲིལ་བྱས་ཞོར་གསོར་འབིགས་མེ་མདའ་དང་སྨུག་སྒྱོགས་ཀྱིས་བཀོད་འདོམས་དབྱུག་ཆའི་ཚབ་བྱས་པ་དང་འཕྲུལ་འཁོར་གྱིས་སྒྲས་རོལ་དབྱངས་ཀྱི་ཚབ་བྱས་ནས་རྒྱལ་མོ་རྔུལ་ཆུའི་ངོགས་སུ་ཚ་ཚ་འུར་འུར་ངང་ནས་ཟླ་མཆོད་དུས་ཆེན་ཞིག་བཏང་ཡོད།

ད་སྔའི་བར་རིམ་རྩིས་བྱས་ན་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར26.38ལེགས་གྲུབ་བྱུང་ནས་གོང་རིམ་གྱིས་གཤམ་སྤྲོད་བྱས་པའི2021ལོའི་མ་དངུལ་གཏོང་འཇོག་དམིགས་ཡུལ་སྒོར་དུང་ཕྱུར36ལས་བརྒྱ་ཆ73.3བཟུང་བ་དང་།རང་གིས་ལས་མགོ་ཚུགས་པ་རིམ་རྩིས་བྱས་ན་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར44.50ལེགས་འགྲུུབ་བྱུང་ནས་རགས་རྩིས་ན་མ་དངུལ་གཏོང་འཇོག་བསྡོམས་འབོར་སྒོར་དུང་ཕྱུར174.08ལས་བརྒྱ་ཆ25.6བཟུང་ཡོད། ལམ་ཐིག་ཧྲིལ་པོར་རིམ་རྩིས་བྱས་ན་ལམ་གཞིའི་ལས་གྲྭའི་བརྒྱ་ཆ19དང་།ཟམ་འགྲམ་ལས་གྲྭའི་བརྒྱ་ཆ18.5 ཕུག་ལམ་ལས་གྲྭའི་བརྒྱ་ཆ34བཅས་ལེགས་གྲུབ་བྱུང་བ་དང་།ལམ་ཐིག་ཡོངས་ཀྱི་ཧྲན་ཀང་ཕིང་དང་ཏ་ཧྲན་ཧྲུའུ་སོགས་ཁྱོན་ཁག7ཚང་མ་སྦྲེལ་མཐུད་དང་ཕུག་ལམ18ལེགས་གྲུབ་བྱུང་བ།གདན་ཐོག་ཟམ་ཆེན་དང་ཨན་ཧྲན་ཁྲང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་སོགས་ཆུ་སྒྲོལ་ཟམ་པ་གལ་ཆེན་ཁྱོན་ཡོངས་ནས་མགྱོགས་མྱུར་དུ་སྐྲུན་བཞིན་ཡོད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན།ལས་གནས་བརྟན་སྲུང་དང་ལས་གྲྭ་དང་པོར་འབད་འཐབ་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་ཚོར་ཐུགས་རྗེ་ཆེ་ཞུ་ཆེད་དང་ཚང་མས་ཟླ་མཆོད་དུས་ཆེན་སྐྱིད་པོ་ཞིག་གཏོང་ཐུབ་པར་འགན་ལེན་བྱ་ཆེད། སྤྱི་ཟླ9པའི་ཚེས19ནས21ཉིན་བར་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་དུམ་བུ་ཁག་ཏུ་རྣམ་པ་མི་འདྲ་བའི་ཐོག་ནས་ལས་བྱེད་པ་དང་ལས་བཟོ་ཚོར་སྨོན་འདུན་ཞུ་བཞིན་མཆིས།

ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམTJ10ལམ་དུམ་ལས་གཞི་པུའུ་གནས་ཡུལ་དུ་ལག་བཟོ་ཚོས་ཟླ་མཆོད་བག་ལེབ་བཟོ་བའི་འགྲན་བསྡུར་བྱེད་བཞིན་འདུག། འགྲན་བསྡུར་སྔ་སྣུར་དུ་མཇུག་འགྲིལ་བའི་ནོར་གཉེར་ཁོའོ་ཡི་ཝང་དབྱི་ཞིན་གྱིས་ལུའུ་ཀྲོའུ་ཡི་གཉེན་ཉེ་དང་ཁ་པར་བརྙན་ལམ་ཐོག་ནས་དགའ་སྤྲོའི་ངང་ཁ་བརྡ་ལབ་བཞིན་མཆིས། TJ8དངTJ9 TJ10སོགས་ལས་གཞི་པུའུ3གྱིས་ཁྱོན་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག6མངགས་གཏོང་བྱས་ནས་སྔོན་ལ་ཆེད་ལས་ཀྱི་ཞིམ་ཟས་བཟོ་མཁན་གྱིས་ཡུལ་དངོས་སུ་སློབ་ཁྲིད་བྱས་རྗེས་ཚོགས་ཆུང་ཁག་གིས་རང་ཚུགས་ངང་ཟླ་མཆོད་བག་ལེབ་བཟོས་ཏེ་ཁོང་ཚོའི་བརྩེ་སེམས་དེ་ལག་བཟོས་ཀྱི་ཟླ་མཆོད་བག་ལེབ་ནང་བླུགས་ནས་འབད་བརྩོན་གྱི་ལང་ཚོར་བྲིས་ཏེ་ལས་གཞི་འཛུགས་སྐྲུན་བྱེད་ཀྱི་ཡོད། དུས་ཆེན་གྱི་རྣམ་པ་ཟབ་མོའི་ཁྲོད་ལས་བྱེད་པ་དང་ལས་བཟོ་ཚོས་ལག་ཐོགས་ཁ་པར་འཁྱེར་ནས་ཁྱིམ་མི་དང་མཉམ་དུ་རང་ཉིད་ཀྱི་ངལ་རྩོལ་གྲུབ་འབྲས་མཉམ་སྤྱོད་བྱས།

ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འགན་འཁུར་བས་ལས་གཞི་ཁག་གི་ལས་ཀའི་ས་ཚུགས་ལ་ཟླ་མཆོད་བག་ལེབ་སྒམ441དང་ཕག་དང་ལུག5སྤྲད་ཡོད། TJ4ལས་གཞིའི་ལས་བཟོ་ལི་པོའི་ཡིས་ད་ཐེངས་ཀྱི་འདུ་འཛོམས་ནི་ལས་རོགས་བར་གྱི་སྨོན་འདུན་ཞིག་ཡིན་ལ་ཁྱིམ་མི་ལ་བཅངས་པའི་དྲན་འཆར་ཡང་ཡིན་པས་ཁྱེད་རྣམ་པས་ང་ཚོར་དྲོ་སྐྱིད་སྦྱིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

སི་ཁྲོན་འགྲིམ་འགྲུལ་འཛུགས་སྐྲུན་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམC2སྤྱི་ཁྱབ་པུའི་རྒྱུན་ལས་ཅིང་ལི་གཞོན་པ་སུན་ལན་གྱིས་ཨར་ལས་སྒྲུབ་མཁན་སྡེ་ཚན་ཡིན་པའི་ཆ་ནས། ང་ཚོས་ཧྲུའུ་ཏའོ་ཚོགས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་པ་དང་འདུ་འཛོམས་མི་བྱེད་པ་དང་ཆབས་ཅིག་ལས་གཞི་འཛུགས་སྐྲུན་གྱི་མི་གཤིས་རང་བཞིན་དང་མཉམ་འགུལ་རང་བཞིན་ཆེ་རུ་ཧུར་ཐག་བཏང་ནས་ལས་གཞིའི་ཁྱིམ་གྱི་རིག་གནས་དེ་ད་ཐེངས་ཀྱི་ཟླ་མཆོད་རིང་ལས་མཚམས་བཞག་པའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་དོན་འཁྱོལ་བྱས་པ་དང་དུས་མཚུངས་དུས་ཆེན་དང་ངལ་གསོའི་རིང་གླ་ཕོགས་འགན་ལེན་དོན་འཁྱོལ་བྱས་ཏེ་འཐབ་ཕྱོགས་དང་པོའི་ལས་བཟོར་རྒྱབ་རྟེན་ཡོད་པ་དང་རེ་སྒུག་ཡོད་པ།མི་སེམས་དྲོ་བ།ངར་ཤུགས་ལྡན་པ་བཅས་ཡོང་བ་བྱས་ཡོད་ཅེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:བོད་སྐད་ཀྱིས་དྲྭ་ཐོག་ལས་སྒྲུབ་བྱེད་ཚུལ་འདིས་དམངས་ཀྱི་དཀའ་ངལ་བསལ།
  • དོ་སྣང་ཆེ་བའི་རྩོམ།