དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།

ཨོ་རྒྱན་དང་ཡེ་ཤེས།        2021-09-29

དེ་རིང་སྟེ་སྤྱི་ཟླ9པའི་ཚེས27ཉིན་གྱི་སྔ་དྲོར། ཀྲུང་གུང་དཀར་མཛེས་ཁུལ་ཨུས་གཙོ་སྒྲུབ་གནང་ཞིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། དཀར་མཛེས་ཁུལ་བོད་རིག་པའི་ཞིབ་འཇུག་ཁང་། དཀར་མཛེས་ཁུལ་རྩོམ་སྒྱུར་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་ཁུར་བ་དང་། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང(ཞིང་ཆེན་ཁམས་བོད་ཞིབ་འཇུག་ལྟེ་གནས)། དཀར་མཛེས་ཁུལ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཁམས་པའི་རིག་གནས་ཞིབ་འཇུག་གླིང་བཅས་ཀྱིས་རོགས་སྒྲུབ་གནང་བའི2021ལོའི་དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་དེ་དར་མདོའི་ཁམས་པའི་མགྲོན་ཁང་ཆེན་མོའི་གྲོས་ཚོགས་ཁང་ནས་གཟབ་རྒྱས་ངང་འཚོག་མགོ་བརྩམས་ཡོད་པ་རེད།

དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།ཚོགས་རའི་ཡུལ་དངོས།


     གྲོས་ཚོགས་ཐོག་ཏུ་དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཞའོ་ཀྲི་ཧོང་གིས་མགོ་ཚུགས་ཚོགས་འདུ་མདོ་འཛིན་གནང་ཞིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་མགོ་གཙོ། རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེས་ཚོགས་འདུའི་གྲ་སྒྲིག་གི་གནས་ཚུལ་གསལ་བཤད་གནང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སངས་དགའ་ལགས་ཀྱིས་ཤིས་ཚིག་ཕུལ།

དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།

དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སངས་དགའ་ལགས་ཀྱིས་ཤིས་ཚིག་འབུལ་བཞིན་པ།



དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།

དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་མགོ་གཙོ། རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེས་ཚོགས་འདུ་སྐོར་གྱི་གནས་ཚུལ་གསལ་བཤད་གནང་བཞིན་པ།


དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།

དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཞའོ་ཀྲི་ཧོང་གིས་མགོ་ཚུགས་ཚོགས་འདུར་མདོ་འཛིན་གནང་བཞིན་པ།

     

     ཚོགས་འདུར་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་རིང་ལུགས་སློབ་གླིང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། སི་ཁྲོན་སློབ་ཆེན། སི་ཐིན་ཧྥུ་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་། སི་ཁྲོན་མི་རིགས་སློབ་གླིང་། བོད་ལྗོངས་ནང་བསྟན་རྩོམ་སྒྲིག་ཁང་། ཡུན་ནན་མི་རིགས་སློབ་ཆེན། ཁམས་པའི་བརྙན་འཕྲིན་ཁང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། སི་ཁྲོན་ཞིང་ཆེན་མི་རིགས་དུས་དེབ་ཁང་། ཡུལ་ཤུལ་གྲོང་ཁྱེར་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་། བོད་ལྗོངས་སློབ་ཆེན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་རྩོམ་སྒྲིག་ཁང་། རྔ་བའི་དགེ་ཐོན་སློབ་གླིང་། རྔ་བ་ཁུལ་བོད་རིག་པ་ཞིབ་འཇུག་ཁང་།  དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། དཀར་མཛེས་ཁུལ་ཨུའི་ཏང་གི་སློབ་གྲྭ། དཀར་མཛེས་ཁུལ་ཁམས་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དར་མདོ་ས་ཁུལ་དུ་ཡོད་པའི་བོད་རིག་པ་དང་འབྲེལ་ཡོད་ཀྱི་སློབ་གྲྭ་ཁག་དང་འཕྲིན་སྦྱོར་ལས་ཁུངས་བཅས་ལས་ཁུངས་སུམ་ཅུ་ལྷག་གི་མགོ་ཁྲིད་དང་ཆེད་མཁས་པ་སོགས་ཁྱོན་ཚོགས་མི40ལྷག་ཚོགས་འདུར་ཞུགས།

     ཐེངས་འདིའི་གྲོས་ཚོགས་ཀྱི་དུས་ཡུན་ནི་སྤྱི་ཚེས27དང28བཅས་ཉིན་གཉིས་ཀྱི་རིང་ཡིན་ལ། དུས་ཡུན་དེ་དག་གི་ནང་དུ།  བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྨོན་ལམ་བརྩོན་འགྲུས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཞུས་ཆེན་པ་གཞོན་པ་ཉི་མ་དོན་གྲུབ། བོད་ལྗོངས་སློབ་ཆེན། ཀྲུང་གོའི་བོད་རིག་ཞིབ་འཇུག་གླིང་གི་ཏང་ཨུའི་ཧྲུའུ་ཅི། དགེ་རྒན་ཆེན་མོ་ཚེ་བརྟན་བཀྲ་ཤིས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པ་དགེ་རྒན་ཆེན་མོ་འགྱུར་མེད་ཚེ་དབང་དང་། སི་ཁྲོན་མི་རིགས་སློབ་གླིང་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན། ཡུན་ནན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨ་ཚོགས། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས། ཁམས་པའི་བརྙན་འཕྲིན་ཁང་གི་ཞུས་ཆེན་པ་ཡེ་ཤེས་རྡོ་རྗེ། ཡུལ་ཤུལ་གྲོང་ཁྱེར་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་གི་གླིང་གཙོ་འཇམ་དབྱངས་ཉི་མ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་ཁང་གི་ཞུས་ཆེན་པ། མགོ་གཙོ་དོན་གྲུབ་ཚེ་རིང་སོགས་ཆེད་མཁས་པ་དག་གིས་དུས་ཡུན་སྐར་མ30ཡི་ནང་ཚུན་དུ་རང་ཉིད་ཀྱིས་བྲིས་པའི་དཔྱད་རྩོམ་གསལ་བཀྲོལ་བྱ་དགོས་པ་དང་། དེར་མཐུད་ནས་དུས་ཡུན་སྐར་མ15ཡི་ནང་ཚུན་དུ་གྲུབ་འབྲས་དང་ཉམས་མྱོང་བརྗེ་རེས་བྱ་དགོས་པ་རེད།

དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།ཚོགས་ཞུགས་ཆེད་མཁས་པ་ལྷན་རྒྱས་ཀྱི་མཉམ་པར།

  • ལེ་ཚན་སྔོན་མ།:དུས་ཆེན་ལ་ལས་མཚམས་མི་བཞག་ནས་མི་ལྔ་སྟོང་ལྷག་གིས་ཐོན་སྐྱེད་བྱེད་པར་སྐུལ་སྤེལ་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།