བཤེས་གཉེན་དམ་པ།
རྟའུ་སློབ་འབྲིང་།(བསོད་ནམས་སྒྲོལ་མས།) 2014-01-16
བཤེས་གཉེན་ཅི་འདྲའི་ཆ་རྒྱུས་ཡོད་པའི་ཡི་གེ་རིག་རེད།ཡིན་ན་ཡང་།ཆ་རྒྱུས་ཡོད་པའི་ཡི་གེ་དེ་ལ་སྤྱིར་བཏང་མིན་པའི་མི་ཚེའི་དོན་སྙིང་ལྡན་པ་རེད།
བཤེས་གཉེན་ནི་སྒྲོན་མེ་དང་འདྲ།རང་མེ་ལ་བསྲེགས་ནས་ང་ཚོ་ལ་འོད་སྣང་བྱིན་མཁན་གྱི་སྒྲོན་མེ་ལྟ་བུ་རེད།རང་གི་མི་ཚེ་ཧྲིལ་པོའི་དུས་ཚོད་ནི་རྗེས་རབས་པ་འཚར་ལོངས་བྱུང་བའི་ཆེད་དུ་ཟད།ང་ཚོའི་སྐྱིད་སྡུག་ནི་བཤེས་གཉེན་གྱི་འཚོ་བ་ཁྲིད་ཀྱི་སྐྱིད་སྡུག་ཡིན།ང་ཚོར་སྦྱངས་འབྲས་བཟང་པོ་ཞིག་ཡོད་ན་བཤེས་གཉེན་གྱི་སེམས་ནི་རང་དབང་མེད་པའི་དགའ་སྤྲོས་ཁེངས།དེའི་རྒྱུ་མཚན་ནི་ཁོང་གི་སེམས་ན་ཡོད་པ་ནི་རང་གི་ངོ་སྲུང་མ་རེད།ཁོང་གི་སེམས་ན་ཡོད་པ་ནི་ང་ཚོ་སློབ་མ་ཚོའི་མདུན་ལམ་རེད།ང་ཚོར་སྦྱངས་འབྲས་བཟང་པོ་མེད་པའི་སྐབས་སུ།བཤེས་གཉེན་ནི་ང་ཚོའི་ཕ་མ་དང་འདྲ་འདྲ་སེམས་སྐྱོ་ནས་བློ་ཐབས་ཡོད་དགུ་བཏོན་ནས་ང་ཚོའི་སྦྱངས་འབྲས་ཡར་ཐོན་ཡོང་ཐབས་བྱེད།འདི་མ་ཟད་ང་ཚོའི་འཚོ་བར་དཀའ་ངལ་ཡོད་པའི་སྐབས་སུ།རོགས་རམ་བྱ་རྒྱུ་ནི་ཁོང་རང་གི་འགན་འཁྲི་ལ་བརྩིས་ནས་ཡར་ཞུ་ཅི་ཡང་དགོས་ལེ་མ་རེད།ཁྱོད་ཚོས་བཤད་ན་ང་ཚོས་བཤེས་གཉེན་ལ་བརྩེ་བཀུར་བྱེད་ཨེ་དགོས།ཕྲན་གྱི་བསམ་པའི་ནང་ང་ཚོ་ཚང་མས་བརྩི་བཀུར་བྱེད་དགོས་ཟེར།ཡིན་ཡང་།བཤད་སླ་མོ་ཞིག་རེད་དེ།ལས་ན་དཀའ་མོ་ཞིག་རེད།སྔོན་ཆད་ང་ཚོས་བཤེས་གཉེན་ལ་བརྩེ་བཀུར་མ་བྱེད་ནའང་རྗེས་སུ་ངེས་པར་དུ་བརྩེ་བཀུར་བྱེད་དགོས།བཤེས་གཉེན་གྱིས་དཀའ་བ་དང་དུ་བླངས་ནས་ང་ཚོ་ལ་འདི་འདྲའི་ཕན་འབྲས་ལྡན་པའི་འཕྲིན་ལས་མང་པོ་བསྒྲུབས་དང་སྒྲུབ་བཞིན་པ་རེད།ང་ཚོས་འདི་འདྲ་བྱ་བ་ཆུང་ཆུང་ཞིག་སྒྲུབ་ན་གནས་ལུགས་ཆེན་པོ་ལྡན་པ་རེད་སྙམ།
བཤེས་གཉེན་གྱི་མཛད་འཕྲིན་ནི་འཛམ་གླིང་ཐོག་ཆེས་རླབས་ཆེ་བའི་མཛད་འཕྲིན་ཞིག་རེད།བཤེས་གཉེན་ལགས་ང་ཚོས་ཁྱེད་ཚོར་གུས་འདུད་ཞུས།