རྨི་ལམ་ནང་གི་ཨ་མ།

བསྟན་འཛིན་ནོར་བུས།        2013-12-09

  ཨ་མ་ལགས། ཁ་སང་ངའི་རྨི་ལམ་གྱི་སྐྱོ་གར་འཁྲབ་པའི་ཁྲོད་ནས་ཁྱེད་དང་མཇལ་སོང་། འཛུམ་མདངས་རབ་ཏུ་རྒྱས་པའི་དྲི་བྲལ་ཞལ་རས་ངོས་སུ་དུངས་བའི་རྣམ་འགྱུར་བཅོས་མ་མེད་པ་ཞིག་བསྟན་འདུག ངའི་དྲན་འཛིན་ངོས་སུ་ད་དུང་ཁྱེད་མཇལ་དུ་ཡོད་པ་འདིས་འཆི་མེད་པས་དགའ་བ་འབུམ་གྱིས་ཁེངས། དགའ་མྱོས་ཀྱི་གཏམ་ཚོགས་ཕུང་པོ་ཆེན་པོར་བརྩེགས་པའི་ངོགས་ན་ལྷན་འཛོམས་ཀྱི་ཇ་ཐུན་ཏིང་འཛིན་ཟབ་མོར་རོལ།
    གཟུགས་མེད་ཀྱི་སྣང་བའི་གློག་བརྙན་འདྲ་བ་ཞིག་ལ་དགའ་བའི་གུར་ཁྱིམ་རབ་ཏུ་ཕུབ། དེའི་མོད་ལ་རླངས་འཁོར་ཞིག་གི་སྒྲས་ཏིང་འཛིན་གཤེད་དུ་བབས་ནས་ངའི་དྲན་འཛིན་མོག་པོར་བྱས་སོང་། མཆི་མའི་ཐིགས་འཕྲེང་འགྲམ་པའི་ཁུག་མགོ་ནས་སྔས་ཐོག་གི་གྲུ་ཆར་སོང་། འོན་ཀྱང་དཀོན་མཆོག་གི་ཞིང་ས་རུ་མིང་བྱང་གི་བསྔོ་ཡིག་དང་སྨོན་ལམ་མཆོད་ཡོན་བསྐྲུན་ནོ། དེ་ནི་ངའི་སྨོན་ལམ་གྱི་སྐྱོ་གར་རེད། །
  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་སྐོར་གཞས་དྲན་པ།
  • ལེ་ཚན་རྗེས་མ།:གཟའ་ཉི་མ།