ཨ་མའི་སེམས།

ཀརྨ་བདུད་འདུལ་གྱིས།        2013-07-25

 ཨ་མའི་སེམས། ཚེ་སྲོག་གི་ལྗང་བུ་གཉོར་བའི་ཉི་མའི་འོད་ཟེར།
 ཨ་མའི་སེམས། བླང་དོར་གྱི་དབྱེ་བ་འབྱེད་པའི་མར་མེ་འོད་གསལ།
 ཨ་མའི་སེམས། ནམ་མཁའི་ཁྱོན་ལས་ཡངས་པའི་གུར་ཁྱིམ་དྲོན་མོ།
 ཨ་མའི་སེམས། ནམ་ཡང་མཛད་མི་ཚར་བའི་དྭངས་གཙང་གི་ཆུ་བོ།
 ཨ་མ་ལགས། ཁྱེད་ནི་ངའི་དྲིན་ཆེན་ཡིན།
    ཁྱོད་མ་གཏོགས་སུས་ཀྱང་ངའི་གདོང་གི་ཚིལ་དྲག་ཕྱིས་མ་མྱོང་ལ།
    སུས་ཀྱང་ངའི་འདོམས་ཀྱི་མི་གཙང་ལེན་མ་མྱོང་།

    ཨ་མའི་སེམས།

གངས་རི་ལས་ཀྱང་དཀར་བ་ཨ་མའི་སེམས།
    ཉི་ཟེར་ལས་རེ་བ་ཨ་མའི་བྱམས་བརྩེ།
    ཨ་མ་ཡ་ཨ་མ།
    ང་ལ་ངོ་མ་ངུ་མ་དགོད་ཀྱི་སྣང་བ་ཞིག་འཆར།
    མཚམས་རེར།
    ཁྱོད་ཀྱི་གཞན་ཕན་གྱི་ལྷག་བསམ་དང་།
    སྙིང་རྗེ་ཡི་སེམས་པ།
    དད་པ་ཡི་མིག་ཆུ།
    ཞུམ་མེད་ཀྱི་མདུན་བསྐྱོད།
    དེ་ཡིས་ང་ལ་སྤོབས་སེམས་རྒྱས་པར་བྱེད།
    ཡང་ལན་རེར།ཙག་ཙིག་གི་སྨྲེ་སྔགས།
    ཁ་བ་ཡི་བར་ཆད།
    དཀའ་སྤྱད་ཀྱི་སྡུག་བསྔལ།
    ཐོད་པ་ཡི་གཉེར་མ།
    འདི་དག་མཐོང་ཚེ།
    ངའི་མིག་ཆུ་སྔར་བས་ལྷག་པར་རྒྱུགས།
  • ལེ་ཚན་སྔོན་མ།:མ་ཡུམ་སློབ་གྲྭ་དང་གྱེས་བྲལ།
  • ལེ་ཚན་རྗེས་མ།: ཨ་མ་དྲན་པའི་མིག་ཆུ།