མ་ཡུམ་སློབ་གྲྭ་དང་གྱེས་བྲལ།
རྟའུ་སློབ་འབྲིང་།(དཔལ་ཆེན་དོན་འགྲུབ་ཀྱིས།) 2013-07-04
ཁ་སང་། དཔྱིད་གསུམ་གྱི་དགོད་སྒྲའི་ནང་དུ་བརྩེ་སེམས་ཀྱི་འཛུམ་ཞལ་ངོམས་ནས། ལྷན་གཅིག་ཏུ་སྤྲོ་སེམས་ཀྱི་ཟུར་མིག་འཕེན་བཞིན་མ་ཡུམ་སློབ་གྲྭ་རུ་འཛོམས།
དེ་རིང་། སྟོན་མཇུག་གི་འབོད་སྐུལ་ཁྲོད་དུ། སྔོ་ལྗང་གི་རྩྭ་ཐང་སྟེང་ནས། མིག་མཐའ་ལ་མཆི་མ་འཁོར་བཞིན་ཁ་སང་གི་འདས་དོན་གླེང་ཞོར་མ་ཡུམ་སློབ་གྲྭ་དང་བྲལ།
སང་ཉིན། རང་གི་མདུན་ལམ་གྱི་ཆེད་དུ། མི་ཚེ་ཡི་གོམ་ཁ་བསྒྱུར་ནས་ལས་དབང་གིས་གཏད་པའི་ས་ཆ་ལ་ཆས། འོན་ཀྱང་། ང་རང་མ་ཡུམ་སློབ་གྲྭའི་སྙན་མོའི་ཀ་ཁ་ཀློག་སྒྲ་དང་སློབ་དཔོན་དམ་པའི་འཛུམ་མདངས་ནི་ཅི་འདྲའི་བསྐྱུར་མ་ཐུབ་པ་ཞིག་རེད་ཨང་། གང་ལྟར། མ་ཡུམ་སློབ་གྲྭ་དང་གྱེས་བྲལ་ནི་ངོ་མ་སྐྱོ་གདུང་གིས་དྲག་ཏུ་མནར་བ་ཞིག་རེད་ཡ།