དགེ་རྒན་ལ་བརྩི་བཀུར་བྱ་རྒྱུ་སེམས་ལ་འཇོག་དགོས།

        2011-09-13

མི་སུ་དང་སུ་ཞིག་ཡིན་རུང་སྐྱེས་མ་ཐག་ནས་ཡོན་ཏན་གྱིས་ཕྱུག་པ་ཞིག་མིན་ལ་མི་གང་ཞིག་གི་འཚར་ལོངས་དང་བྱས་རྗེས་ཚང་མ་ནི་དགེ་རྒན་གྱིས་བློ་འབྱེད་ཁྲིད་སྟོན་དང་།ངལ་བ་བརྒྱ་ཕྲག་ལས་བྱུང་བ་ཁོ་ནའོ།མིའི་རིགས་ཀྱི་ཤེས་རིག་དར་སྤེལ་བཏང་དགོས་ན་དེའི་ནང་དུ་ལས་དོན་ཐུན་མོང་མ་ཡིན་པ་སྒྲུབ་མཁན་གྱི་དགེ་རྒན་ཁྱེད་ཀྱི་ཉིད་ཀྱི་མཛད་རྗེས་ནི་ལས་དོན་གཞན་གང་འདྲ་ཞིག་གིས་ཀྱང་ཚབ་བྱེད་ཐབས་བྲལ་བ་རེད།      “ཡང་ལཱའི་རང་ཉིད་ཀྱི་ལུས་ཕུངས་མེ་རུ་བསྲེགས་ནས་གཞན་ལ་འོད་སྣང་སྦྱིན་པ”ཇི་བཞིན་དགེ་རྒན་ཁྱེད་ཀྱི་རང་གི་རྩ་ཆེའི་ལང་ཚོ་དེ་སློབ་གསོའི་བྱ་བཞག་དང་།རྒྱ་ཆེ་བའི་སློབ་གཉེར་བའི་ཆེད་དུ་ཕུལ་ཡོད་པས།གལ་སྲིད་དྲན་་དང་ལྡན་པའི་མི་ཞིག་ཡིན་ན་ཁྱེད་ལ་གུས་བཀུར་རང་དབང་མེད་པར་བྱེད་ངེས་རེད།     རང་མི་རིགས་ལ་མཚོན་ན་རྒན་བཀུར་ཆུང་བྱམས་ཀྱི་སློབ་ནི་གནའ་ནས་དོ་ཡོད་ལ།དེ་ལས་ལྷག་པར་དགེ་རྒན་ལ་གུས་བཀུར་བྱེད་སྲོལ་ཤིན་ཏུ་བཟང་ལོ་ཡོད།དཔེར་ན།སློབ་གྲྭའི་ཕྱི་ནང་གང་ནས་དགེ་རྒན་དང་འཕྲད་དུས་གུས་པས་འཚམས་འདྲི་ཞུ་དགོས་ཤིང་།དགེ་རྒན་དང་ཁ་བརྡ་བྱེད་སྐབས་ངག་འཇམ་ཞིང་ཞེ་ཚིག་དང་ལྡན་དགོས་ལ།སློབ་ཁྲིད་ཚོགས་པའམ་གྲོལ་སྐབས་ཡར་ལངས་ཏེ་དགེ་རྒན་ལ་གུས་འདུད་ཞུ་དགོས་པ་སོགས་སོ།འོན་ཀྱང་།དེང་སྐབས་ཀྱི་གཞོན་ནུ་སློབ་གྲོགས་ལ་ལས་དགེ་རྒན་ལ་བརྩི་བཀུར་བྱེད་པ་དེ་ནི“རྨོངས་དད”དམ“དགོས་མེད་ཀྱི་གནད”དུ་འཛིན་པའང་མང་བས་དེ་ནི་ཡ་རབས་ཀྱི་ལུགས་སྲོལ་བཟང་པོ་གད་སྙིགས་བཞིན་འདོར་བའི་རྟགས་སུ་སྣང་།དེ་བས་ང་ཚོ་ན་གཞོན་རྣམས་ཀྱིས་དགེ་རྒན་ལ་བརྩི་བཀུར་བྱ་རྒྱུ་སེམས་ལ་འཇོག་དགོས།
  • ལེ་ཚན་སྔོན་མ།: དགེ་རྒན་ལགས།
  • ལེ་ཚན་རྗེས་མ།:རྩྭ་ཐང་གི་འཚོ་བ།