དགེ་རྒན་ལགས།

        2011-09-13

དགེ་རྒན་ལགས།ཁྱེད་ནི་མི་རིགས་འདིའི་ཤུག་བཞག་རིག་གནས་བཅོལ་ས་དང་།མི་རིགས་འདིའི་སྐྱིད་སྡུག་འཚོ་བའི་ལམ་འདྲེན་རེད།རྒྱུ་མཚན་ནི-ཁྱེད་ལ་ཉམས་པ་མེད་པའི་སྙིང་སྟོབས་དང་།འཇིགས་པ་མེད་པའི་ཡིན་ཏན།རྟོགས་ཐབས་བྲལ་བའི་བློ་གྲོས་ཀྱི་རྩལ་དེ་ལྡན་པའི་ཕྱིར་རོལ།
     དགེ་རྒན་ལགས།ཁྱེད་ནི་མི་རིགས་འདིའི་རླབས་ཆེན་གྱི་སྣེ་ཁྲིད་པ་ཡིན་པས།ལུས་ངག་གི་མཆོད་འབུལ་བྱེད་ས་དེའང་ཁྱེད་ཡིན།རྒྱུ་མཚན་ནི།ཁྱེད་ཀྱི་བློ་གྲོས་དུང་ལས་དཀར་ཞིང་།གཤིས་རྒྱུད་བལ་ལས་འཇམ་ལ།ཐུགས་སེམས་རྒྱ་མཚོ་ལས་ཟབ་པའི་ཕྱིར།ཁྱེད་ཀྱིས་ནམ་རྒྱུན་མི་རིགས་འདི་འཕེལ་རྒྱས་དང་ཡར་ཐོན་འབྱུང་བའི་ཆེད་དུ་རླབས་ཆེན་གྱི་བྱ་བཞག་གཉེར་ལ།མི་རིགས་འདི་ལ་བློ་སེམས་གཉིས་མེད་གྱི་ཞབས་འདེགས་ཞུ་བཞིན་གདའ།དགེ་རྒན་ལགས།ཁྱེད་ལྟ་བུའི་སྐྱེད་བུ་དམ་པ་གང་མང་ཞིག་མི་རིགས་འདི་ལ་དབང་ན་ཅི་མ་རུང་སྙམ།
  • ལེ་ཚན་སྔོན་མ།:ཨ་མ་མགོན་མོ།-དྲིན་ཆེན་མ་ལོར་ཕུལ་པ།
  • ལེ་ཚན་རྗེས་མ།:དགེ་རྒན་ལ་བརྩི་བཀུར་བྱ་རྒྱུ་སེམས་ལ་འཇོག་དགོས།