ཁམས་པར་ཕྱིར་མིག་ཅིག་བལྟས་པ།

སྒྲོལ་མ་དབྱངས་ཅན་གྱིས་བསྒྱུར།        2011-05-12

དགུང་སྔོན་འགོ་བོས་བཏེགས།
     གངས་ཐང་ཞབས་ཀྱིས་མནན།
     རི་གཟར་བྲག་རི་ཁྲོད་ནས་དཀར་སྡུག་ཁྱད་བསད་ཀྱིས་འོང་བའི་ཁམས་པའི་མི།བྱིས་དུས་སུ་ངས་རྨོ་བོ་ལ་ཁམས་པ་ཞེས་པ་དེ་ཅི་ཞིག་རེད་དྲིས་པ་ན།རྨོ་བོས་གཡང་གཟར་དང་གྲོག་རོང་།གངས་རི་སོགས་འཛོམས་སའི་ས་ཆ་དེ་ནི་ཁམས་པ་རེད་ཅེས་ཟེར།
     གནས་དེ་ནི་ང་ཚོ་ཞི་བདེ་བག་ཕེབས་ངང་འཚོ་སའི་གཞི་ཁྱིམ་དྲོན་མོ་ཡིན།གནས་དེའི་གདོད་མའི་ནགས་ཚལ་གྱིས་ས་གཞི་ཆེན་མོ་སྲུང་སྐྱོབ་བྱས་འདུག་ལ།གནས་དེའི་དགོན་པའི་གསང་སྔགས་ཀྱི་སྒྲ་དབྱངས་ཀྱིས་གནམ་ས་འཆམ་མཐུན་དུ་བཀོད་ཡོད།གནས་དེའི་གནག་ཕྱུགས་ཀྱིས་ཞིང་རྨོ་ཡུར་རྒྱག་གིས་ལོ་ལེགས་བྱུང་ལ་མི་རྣམས་དགའ་བདེ་དཔལ་ལ་རོལ།གནས་དེའི་འབྲུ་ནས་དང་རྩམ་པས་མི་དམངས་གསོས།གནས་དེ་ནི་ཡོན་བོད་ཁྲོན་ཐུན་མོང་གིས་གསར་སྐྲུན་དང་འཛིན་སྐྱོང་སྤེལ་གསུམ་བྱེད་སའི་ཤེས་རིག་གི་ཡུལ་ཞིག་ལགས།
     ནར་སོན་རྗེས་ངས་ཨ་ཕ་ལ་ཁམས་པ་ཞེས་པ་དེ་ཅི་ཞིག་རེད་ཅེས་དྲིས་པ་ན།ཨ་ཕས་དཔའ་ངར་ཞུམ་མེད་ཀྱི་གནའ་བོའི་མི་རིགས་ཞིག་ཡོད་པ་དེ་ནི་ཁམས་པ་རེད་ཟེར།ཁོ་ཚོས་ལོ་ཟླ་མང་པོའི་དཀའ་སྡུག་ཁྱད་བསད་ནས་དར་ཞིང་རྒྱས་པའི་ཕྱོགས་སུ་གོམ་ཁ་སྐྱོད་བཞིན་མཆིས།ཁོ་ཚོའི་སྤོབས་པ་རི་རྒྱལ་བཞིན་དུ་བརྟན་པར་དམ་བཅའ་བཞགཁོ་ཚོའི་གླུ་སྐད་གཙང་པོའི་རླབས་ལ་འགྲན་པའི་སྤོབས་པ་ལྡན།ཁོ་ཚོའི་ཝ་ཞྭར་ཉི་མ་ལས་ཀྱང་དྲོད་ཁོལ་ལྡན།ཁོ་ཚོའི་འཇུར་རྟའི་གོམ་སྟབས་བརྟན་ཞིང་བརླིང་ལ།ཁོ་ཚོ་ནི་ངག་རྒྱུན་ཁྲོད་ཀྱི་གཞུང་དྲང་གཤིས་འཇམ་དང་དཔའ་མཛངས་རྟུལ་ཕོད་ཀྱི་ཁམས་པའི་མི།དེང་སང་ངས་ཡུན་རིང་ཞིག་ལ་ཁམས་པར་ཕྱིར་མིག་ཅིག་བལྟས་པ་ན།ཁམས་པ་མིའི་སེམས་རྒྱ་ཆེ་ཞིང་ཕྱི་ཐག་རིང་ལ།ཁམས་པའི་མིའི་མིག་རྒྱང་རིང་བ།ང་ཡི་སེམས་པ་ཁམས་པའི་མི་དང་ལྷན་དུ་མཁའ་ལ་ལྡིང་།
  • ལེ་ཚན་སྔོན་མ།:ང་ཚོ་ནི་བོད་ཀྱི་རྗེས་རབས་པ་ཡིན།
  • ལེ་ཚན་རྗེས་མ།:བྱེའུ་སྐད་ཉན་པ།