བོད་ཟླ༩ཚེས༢༢——དྲིན་ཆེན་ཨ་མ་ལ་དྲིན་ལན་འཇལ་བའི་དུས་ཆེན།

        2016-11-21

ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་ནི་ཚང་མས་ཤེས་གསལ་ལྟར་ནང་བ་བའི་དུཿས་ཆེན་གལ་ཆེན་ཞིག་སྟེ་ལྷ་བབས་དུཿས་ཆེན་རེད།ཉིན་མོ་འདི་ཅིའི་ཕྱིར་ནང་བའི་དུཿས་ཆེན་གལ་ཆེན་ཞིག་ཏུ་གྱུར་སོང་བ་ཡིན་ནམ།འདི་ལ་དོན་སྙིང་ག་འདྲ་ཡོད་དམ།འདིའི་དྲིས་ལན་ནི་དྲིན་ཆེན་ཨ་མ་ཞེས་པའི་རླབས་ཆེ་བའི་མི་སྣ་འདི་དང་འབྲེལ་ཡོད།ཉིན་མོ་འདིར་བདག་ཅག་གི་སྟོན་པ་སུམ་ཅུ་རྩ་གསུམ་དུཿ་ཕེབས་ནས་རང་གི་དྲིན་ཆེན་མ་ལོར་དྲིན་གཟོ་བའི་ཕྱིར་ཆོས་གསུངས་ནས་ཕྱིར་མི་ཡུལ་དུཿ་ཕེབས་པའི་ཉིན་མོ་རེད།ཉིན་མོ་འདིར་བདག་ཅག་གི་སྟོན་པས་མི་ཚེ་འདིར་ཆེས་གལ་ཆེན་པོའི་ལས་དོན་རླབས་ཆེན་ཞིག་བསྒྲུབས་པ་སྟེ།རང་གི་དྲིན་ཆེན་ཨ་མ་ལ་དྲིན་ལན་འཇལ་ནས་གྲུབ་པའི་ཉིན་མོ་རེད།མི་ཞིག་ཡིན་ན་དྲིན་ཆེན་ཨ་མར་དྲིན་ལན་འཇལ་བ་མི་ཚེ་འདིར་ཆེས་གལ་ཆེ་བའི་དོན་ཆེན་ཞིག་ཡིན་པ་མི་ཤེས་པ་ག་ལ་སྲིད།གལ་ཏེ།དྲིན་ཆེན་ཨ་མར་དྲིན་ལན་འཇལ་མི་ཤེས་ན་དེ་ནི་དུཿད་འགྲོ་ཞིག་ལའང་མི་དོ་བའི་གླེན་པ་ཁ་ནག་ཅིག་ཡིན་ངེས།དྲིན་ཆེན་ཨ་མར་བརྩི་བཀུར་མི་ཤེས་ན་དེ་ཁྱི་ལས་ཀྱང་ལོད་པའི་ཀླད་མེད་མགོ་སྟོང་ཞིག་ཡིན་ངེས།རེད་དེ།ཕ་མ་རླབས་ཆེ་བའི་དབང་གིས་དུཿས་ཆེན་འདི་གཞན་དང་མི་འདྲ་བའི་དོན་སྙིང་ལྡན་པར་གྱུར་ཅིང་།དྲིན་ཆེན་ཨ་མའི་དྲིན་ལན་འཇལ་བའི་ཆེད་དུཿ་ང་ཚོས་ནམ་ཡིན་རུང་དྲིན་ཆེན་ཨ་མའི་དུཿས་ཆེན་འདི་བརྗེད་མི་རུང་བ་ཡིན།དོན་ངོ་མར་བཤད་ན་ཁྱོད་ཀྱིས་དྲིན་ཆེན་ཨ་མའི་དྲིན་ལན་འཇལ་ན་ཁྱོད་ལ་ཡང་དྲིན་ལན་འཇལ་བའི་བུ་ཕྲུག་བཟང་བོ་ཞིག་འབྱུང་ངེས་རེད།དེས་ན་ཁྱོད་ནི་ཨ་མ་བཟང་བོ་ཞིག་ཡིན་ལ་བུ་ཕྲུག་བཟང་བོ་ཞིག་ཀྱང་ཡིན།ཆེས་དོན་སྙིང་ལྡན་པ་ནི༢༠༠༧ལོའི༤ཚེས༢༢ཉིན་མཚོ་སྔོན་ནང་བསྟན་རིག་གནས་ཞབས་ཞུ་ཚོགས་པ་དང་།ཟི་ལིང་མི་ཉག་སྐྱེ་ཁམས་དང་རིག་གནས་དར་སྤེལ་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཏེ་ཉིན་མོ་འདིར་དྲིན་ཆེན་ཨ་མའི་དྲིན་ལན་འཇལ་བའི་བྱ་འགུལ་སྤེལ་ཅིང་།མཚོ་སྔོན་བོད་རིག་ཞིབ་འཇུག་ཚོགས་པ་དང་།མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ཚོགས་པ་གཉིས་ཀྱིས་ཞུ་ཡིག་ཕུལ་བ་བཞིན་མཚོ་སྔོན་མི་རིགས་ལས་དོན་ཁང་གིས་༢༠༠༧ལོའི་ཟླ༧ཚེས༥ཉིན།བོད་ཟླ༩པའི་ཚེས༢༢དྲིན་ཆེན་ཨ་མའི་དྲིན་ལན་འཇལ་བའི་ཉིན་མོ་རུ་གཏན་འཁེལ་བྱས།ཆོག་མཆན་གྱི་ཡིག་ཆས་ཆོས་ལུགས་ཀྱི་དུཿས་ཆེན་དེ་བོད་ཀྱི་དམངས་ཁྲོད་ཀྱི་དུཿས་ཆེན་དུཿ་གྱུར་ཅེས་བཤད་པ་ལྟར་དུཿས་ཆེན་འདི་ལ་ཆོས་ལུགས་ཀྱི་བཅུད་འདུཿས་ཤིང་།དགེ་མཚན་གྱི་མདངས་འབར་བ་རེད།དྲིན་ཆེན་ཨ་མ་ལ་གཅེས་པའི་མི་ཞིག་ཡིན་ན་དུཿས་ཆེན་འདིའི་རིན་ཐང་ཤེས་ངེས་རེད།ཉིན་མོ་འདིར།ཡ་རབས་ཀྱི་བུ་ཕྲུག་ཚོས་དྲིན་ཆེན་ཨ་མའི་སེམས་པ་དྲོ་བར་བྱེད་པའི་བྱ་འགུལ་མང་བོ་སྤེལ་བ་དང་།བྱེས་སུ་ཡོད་པ་དག་གིས་ཀྱང་དྲིན་ཆེན་ཨ་མ་ལ་ཆེད་དུཿ་མཇལ་བར་ཡོང་བའམ་འཚམས་འདྲིའི་ལེགས་སྐྱེས་བསྐུར་བ།ལོ་ལོན་ཉམ་ཆུང་བདག་མེད་དག་ལ་འཚམས་འདྲི་དང་རོགས་རམ་བྱེད་པ།དྲིན་ཆེན་ཨ་མའི་ཆེད་དུཿ་སྡིག་སྤོང་དགེ་སྒྲུབ་བྱེད་པ།དྲིན་ཆེན་ཨ་མར་དྲིན་ལན་འཇལ་བའི་ཆེད་དུཿ་ཨ་མར་གཅེས་སྐྱོང་དང་བརྩི་བཀུར་བྱེད་པའི་སྲོལ་བཟང་དར་སྤེལ་གཏོང་བ།བྱིས་པ་དག་ལ་ཨ་མའི་དྲིན་ལན་འཇལ་བའི་སློབ་གསོ་གཏོང་བ་བཅས་བྱས་ན་ད་གཟོད་ཕ་མ་བཟང་བོར་སྐྱེས་པའི་བུ་ཕྲུག་བཟང་བོ་ཞིག་ཏུ་གྱུར་པ་མ་ཡིན་ནམ།ལྷ་བབས་དུཿས་ཆེན།དྲིན་ཆེན་ཨ་མར་དྲིན་ལན་འཇལ་བའི་ཉིན་མོ་ནི་བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ཡིན།
  • ལེ་ཚན་སྔོན་མ།:མ་ཉེས་ཁ་གཡོགས།
  • ལེ་ཚན་རྗེས་མ།:ཨ་མའི་སེམས།