ཉེ་བའི་མི།

ཨཱ་འཕགས་ལྷ་མོ།        2020-11-09

འཇིག་རྟེན་འདིའི་ཐོག་དོན་དངོས་གང་མང་ཞིག་འབྱུང་སྲིད་ཀྱང་སྲིད་ལ། དགའ་སྐྱོ་ཆགས་སྡང་གི་འབྱུང་རྐྱེན་འདྲ་མིན་མ་འོངས་ཚེ་འཇིག་རྟེན་འཁོར་བ་ཞེས་པའི་མིང་ཞིག་གང་ནས་ཐོགས་སྲིད་དམ།

བུ་མོ་ང་ལ་མཚོན་ན། དགའ་བའི་དོན་གང་མང་འབྱུང་སྲིད་ལ་ཆེས་དགའ་འོས་པའི་དོན་ཞིག་སྟེ་ང་རང་ཆུང་ནས་ལོ་བཅོ་ལྔ་བར་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཤེས་པས། བདག་ལ་སྲུང་སྐྱོབ་བྱེད་པ་བཞིན། རྟག་པར་གཞན་གསོས་བུ་ཡིས་སྙན་འཇེབས་ཀྱི་གླུ་གར་ལ་རོལ་བ་ལྟ་བུར་སྣང་ཞིང་།ང་ལ་དེ་དང་ནང་བཞིན་དགའ་སྡུག་གི་དོན་གང་རུང་ཞིག་ཁྱེད་ལ་འཆད་ཆོག་པའི་གོ་སྐབས་སྟེར་བྱུང་བས་ཐུགས་རྗེ་ཆེ། གོམ་འགྲོས་གཅིག་མཐུན་གྱི་ལོ་ཟླའི་ཁྲོད། མེས་པོ་ལགས། ཐུགས་རྗེ་ཆེ། པྲ་ཚག་མ་ང་ལ་མཚོན་ན། སློབ་གྲྭས་དགུན་གནང་གུང་གསེང་བཞག་ནས་ཕྱིར་གཞིས་ཁྱིམ་དྲོན་མོར་ཡོང་བའི་ལམ་བར་དུ་ཨ་ཁུ་ཚེ་དབང་རིག་འཛིན་གྱིས“འདིའི་སྒོར་ཉུང་ཤོས་འདིས་བྱམས་ལྡན་གྱི་ཨ་མྱེ་ལ་བསྔོ་སྨོན་ཞུས་ཞེས་གསུངས་པར་མ་ཟད་སྐྱེ་རྒ་ན་འཆི་དེ་འཇིག་རྟེན་གྱི་ཆོས་ཉིད་རེད། སེམས་མ་སྐྱོ། རང་གི་རང་ལ་སྙིང་སྟོབས་སྐྱེད་སྲིང་བྱས་ནས་དཀའ་ངལ་དེ་ལས་རྒྱལ་དགོས།”ཞེས་ལྷག་བསམ་རྣམ་དག་སྟེ་གདམས་ངག་གང་མང་གནང་བྱུང་། གློ་བུར་དུ་ཨ་ཁུའི་སྐད་ཆ་དེ་གློག་དམར་འཁྱུག་པ་བཞིན་འཇིགས་སྐྲག་ངང་ཨ་མར་ཁ་པར་བཏང་། སྐབས་དེར་ཁ་པར་གྱི་སྐད་ཏུག་ཏུག་ཅེས་གྲགས་སྐབས་སྤྲིན་ན་བུན་འཐིམས་པ་ལྟར་མུན་རུབ་སྒོ་ནས་ཨ་མས“ཨེ་ཨེ”ཟེར་ནས་ངས་ཨ་མ།ཨ་མྱེ ཨ་མྱེ ཨ་མྱེ་གང་ན་ཡོད་ཅེས་ངུ་འབོད་བྱས། ཨ་མས་དབུགས་འབྱིན་རྔུབ་ཙམ་ཡང་མ་བྱས་པར་ཧང་སང་བ་འདྲ། ངས་ཨ་མ། ཨ་མ་ཞེས་བོས་ནས་ཨ་མས་ད་གཟོད་ཁྱེད་ཀྱི་ཨ་མྱེ་ཡུལ་འདི་དང་ཁ་བྲལ་ནས་བདེ་བའི་ཡུལ་ཁམས་ལ་བྱོན་སོང་ཞེས་ཚིག་འབྲུ་འཁྱོསང་མི་འཁྱོངས་ངང་ནས་བཤད་བྱུང་། ངས་གསལ་བོར་ཤེས་ལ་སྐྱེ་རྒ་ན་འཆི་ནི་སྐྱེས་བུ་སུ་ཞིག་གིས་ཀྱང་དང་ལེན་བྱེད་དགོས་ལ་དེར་འབྲལ་འདོད་ཀྱང་འབྲལ་ཐབས་དབེན། རེད་དེ། ངའི་སྙིང་ཉེ་བའི་མི། རང་ལ་ཆེས་གཅེས་མཁན་མྱ། ཉིན་མཚན་དབྱེར་མེད་དུ་ང་ལ་སེམས་ཁུར་དང་མཛུབ་སྟོན་བྱེད་པའི་མི། ང་ལ་སློབ་སྦྱོང་གྱིས་དང་མ་འོངས་པ་ཁྱེད་ཀྱི་ལག་ཏུ་ཡོད་ཅེས་གསུང་མཁན་གྱི་མི་དེ་ང་དང་ཁ་བྲལ་སོང་བ་ཡིན་ནམ། ངས་དོན་དངོས་འདི་དང་ལེན་ཅི་འདྲ་བྱེད། ཀྱེ་ཧུད། འདི་ནི་མངོན་སུམ་ཡིན་ནམ་རྨི་ལམ་ཡིན།

སྲིད་པའི་འཁོར་བ་འདིའི་ཐོག་འབྱུང་བའི་རྒྱུ་ཐམས་ཅད་ནི་སྟེས་དབང་གིས་བཀོད་སྒྲིག་འོག་འུ་ཅག་གིས་ངེས་པར་དུ་དང་ལེན་བྱེད་དགོས་དོན་ཅི་ཡིན། དེ་ལ་ལྡོག་ཐབས་ཞིག་ཡོད་སྲིད་དམ། དེ་ནི་ནམ་ཡང་ཡོད་མི་སྲིད་དོ། །

  • ལེ་ཚན་སྔོན་མ།:གསང་ཚིག
  • ལེ་ཚན་རྗེས་མ།:ང་དང་ང་འདྲ་བའི་མི་བུ་ཚོ།