ག་རེ་བྱེད་དགོས་རེད།

ཐོ་ཡོར།        2020-05-14

སྙིམ་པའི་མཐིལ་དུ་ཞི་བའི་ཁ་བའི་འདབ་མ་ཞིག་གིས་ཀྱང་།

མི་རྟག་པའི་རོལ་མོ་དཀྲོལ།


མེ་ལྕེས་གླིང་ཕྲན་ཞིག་གི་ཁ་དོག་བསྒྱུར།

འཕྲལ་ཡུན་ཙམ་གྱི་རིང་དེར་ཉེ་རིང་གི་མི་སུ་ཡིས་ཀྱང་།

སེམས་ཀྱི་བསྟི་གནས་ཤིག་རྙེད་ཐབས་མི་འདུག


མེ་ལྕེས་བསྒྲིབས་པའི་གདུང་བ།

ཚིག་དང་བརྡ་ཡིས་སྟོང་བའི་དུས་སུ།

ངས་རྩྭ་རྐང་གཅིག་གི་ཆག་སྒོའང་།

བཏང་སྙོམས་སུ་འཇོག་ཐུབ་ཀྱིན་མི་འདུག

                  


  • ལེ་ཚན་སྔོན་མ།:ཁྱོད་དང་མཉམ་དུ་བོད་ལྗོངས་བསྐོར་ན་བསམ།
  • ལེ་ཚན་རྗེས་མ།:རི་ཆུའི་ཧྲག་བར་གྱི་སྒྱུ་རྩལ།