བུད་མེད་ཀྱིས་དཔེ་ཀློག་བྱས་ན་མི་རིགས་ཤིག་སྐྱོབ་ཐུབ།

111        2017-03-09

       བུད་མེད་ཀྱིས་དཔེ་ཀློག་བྱས་ན་མི་རིགས་ཤིག་སྐྱོབ་ཐུབ།

རྒྱལ་ཁབ་གཅིག་གི་སྤྱི་དམངས་ཀྱི་སྤུས་ཚད་ནི་རྒྱལ་ཁབ་དེའི་ཨ་མ་དག་གིས་སློབ་གསོ་མྱོང་བའི་འཕེལ་རིམ་དང་མི་གཤིས་བཙོ་སྦྱངས་ལ་རག་ལས་ཡོད།

བུད་མེད་ཀྱིས་དཔེ་ཀློག་བྱས་ན་མི་རིགས་ཤིག་སྐྱོབ་ཐུབ།

འཇར་མན་གྱི་བསམ་བློ་བ་གྲགས་ཅན་ཕེའུ་གུན་ནས། མིའི་རིགས་ཀྱི་ལོ་རྒྱུས་དཔེ་ཆ་ཀློག་ན་མིའི་བློ་རིག་ཇེ་གསལ་ཏུ་གཏོང་ནུས། སྙན་ངག་ཀློག་པ་ལས་མི་སྤྱང་གྲུང་འཛོམ་པོར་གཏོང་ནུས། རྩིས་ཐོན་སྦྱངས་བ་ལས་མི་ཚགས་ཇེ་དམ་དུ་གཏོང་ཐུབ་པ་སོགས་ལས་སྟོནཔ་ཚང་མ་དཔེ་དེབ་སྣ་མང་ཀློག་པའི་ཕན་ནུས་རེད། མི་གཅིག་གི་མི་ཚེའི་བརྒྱུད་རིམ་ཁྲོད་ཡོན་ཏན་ལ་ཁ་བྲལ་མི་འོས་པ་དང་། དཔེ་ཀློག་ལ་ཁ་བྲལ་མི་འོས་པ། གནད་འདི་དག་ལས་དཔེ་ཀློག་ནི་མི་ཞིག་གི་མི་ཚེ་ལ་གལ་ཇི་ལྟར་ཆེ་བ་དག་ཤེས་ཐུབ།  ཁྱེད་ཀྱིས་གསར་འགྱུར་བརྒྱུད་ལམ་ནས་ཡང་དང་བསྐྱར་དུ་ཀྲུང་ཧྭ་མི་རིགས་ཀྱི་སྤུས་ཚད་མཐོ་འདེགས་ཡོང་དགོས་པའི་བསྒྲགས་གཏམ་སྤེལ་བ་མ་ཐོས་སམ། འབྲི་མཁན་དག་གི་བསམ་ན། དམངས་ཡོངས་ཀྱི་སྤུས་ཚད་མཐོ་འདེགས་བྱེད་དགོས་ན། ཆབ་སྲིད་ཀྱི་སྤུས་ཚད་དང་རིག་གནས་ཡོན་ཏན་གྱི་སྤུས་ཚད།ངེས་པར་དུ་བྱིས་པ་དང་བུད་མེད་ནས་འགོ་བརྩམས་དགོས། རྒྱུ་མཚན་ནི་བུད་མེད་ནི་མིའི་རིགས་ཀྱི་མ་འོངས་པའི་ཨ་མ་ཡིན་ནོ། །ཁོ་ཚོས་མིའི་རིགས་ལ་ཚེ་སྲོག་གི་ལེགས་སྐྱེས་འཕེལ་བསྐྱེད་བྱས་པ་མ་ཟད། རྒྱུད་མཐུད་དུ་རིགས་རྒྱུད་སྤེལ་བ། དེ་མཚུངས་སུ་སློབ་གསོའི་ནུས་པའི་ཐད་ལ་ཤུགས་རྐྱེན་མང་པོ་བཞག་པས་ཡིན།

      བུད་མེད་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་དཔོན་ཡིན། སྔོན་བྱོན་དམ་པ་ཁོང་གི་གནད་ལ་འཁེལ་བའི་རིགས་པས་ཐག་གཅོད་དེ་ལ་ང་རང་སྙིང་ནས་ཡིད་འཐད་བྱུང་། མི་ཞིག་ལོ་གསུམ་གྱི་སྔོན་ནས་བཟུང་སང་ཉིན་དར་མ་འགྱུར་བའི་རྨང་གཞི་བཏང་བ་རེད། ལོ་གསུམ་གྱི་སྔོན་དུ་གང་ན་ཡོད་དམ། བདེ་སྐྱིད་ལྡན་པའི་བྱིས་དུས་ཀྱི་འཚོ་བའི་ནང་ན་ཡོད་པ་དང་། ཨ་མས་གཉོར་སྐྱོང་ཁྲོད་རིམ་གྱིས་ན་སོན་གྱིན་ཡོད། དེ་དང་དེ་ལྟར་དུ་ཨ་མས་གཏམ་གླེང་དང་བྱ་སྤྱོད། གཤིས་ཀ་དང་སྤུས་ཀ་དག་བྱིས་པའི་རྒྱུད་ལ་བག་ཆགས་ཟབ་མོ་འཇོག་གིན་ཡོད། བྱིས་པ་ཡང་རྒྱལ་ཁབ་འཛུགས་སྐྲུན་མཁན་དང་གསར་སྐྲུན་པ། གསར་འབྱེད་པ་ཡིན་པས། དམངས་ཡོངས་ཀྱི་སྤུས་ཀ་མཐོ་འདེགས་བྱེད་པའི་རྩ་གནད་དེ་བུད་མེད་ཀྱིས་སྤུས་ཀ་མཐོ་འདེགས་བྱེད་པ་ལ་རག་ཡོད། ང་ཚོ་་བྱིས་པ་རེ་རེས་བྱིས་གཉེར་ཁང་ནས་ཚད་ལྡན་སློབ་གསོ་མྱངས་ཏེ། སློབ་ཆུང་ནས་སློབ་འབྲིང་དང་། སློབ་ཆེན་འགྲིམ་རྗེས། སྐྱེས་པའི་དགེ་རྒན་ལས་བུད་མེད་དགེ་རྒན་མང་བ། སྤྱིི་ཚོགས་ལས་བགོས་ལས་ཕུད་བྱ་འགུལ་དག་ཕུད་པ་ལས། དུས་རྒྱུན་འཚོ་བའི་ནང་ནས་རང་ཉིད་འཁྲབ་སྐབས་ཀྱང་། བུད་མེད་ཀྱིས་སློབ་གསོ་བ་འཁྲབ་པ་ནི་ཅུང་ཙམ་ངང་རིང་བོ་ཞིག་ཡིན་པ་དང་། ཞིབ་ཚགས་ལྡན་ཡིན་པ། དེ་མིན་བུད་མེད་དག་ལ་མི་ཞིག་གིས་ཨ་མའི་མདུན་ནས་སློབ་གསོ་མྱོང་བའི་སེམས་ཁམས་ཀྱི་འགྱུར་བ་དང་བར་བརྒལ་གྱི་རིམ་པ་ཡང་གསལ་དོད། ཁྱིམ་ཚང་མང་པོའི་ཁྲོད་ན་མངོན་གསལ་དོད་པོའི་སྣང་ཚུལ་འདི་འདྲ་ཞིག་ཡོད། ཁྱིམ་ཚང་གི་ཨ་མ་ཤེས་ཡོན་ཅན་ཡིན་ན། ཁྱིམ་ཚང་དེའི་བྱིས་པ་རེ་རེས་ཀྱང་གུས་ལུགས་ཤེས་དང་། དཔེ་ཀློག་ལ་དགའ་པོ་ཡོད་པ། འཕེལ་རྒྱས་སུ་གཏོང་བར་དགའ་བ། ད་དུང་མ་འོངས་པར་འཇོན་ཐང་ཅན་དུ་གྱུར་བའང་མང་བ། འདི་འདྲའི་ཁྱིམ་ཚང་ནང་ནས་ཡོན་ཏན་ཅན་དང་སྐད་གྲགས་ཅན་མང་པོ་འབྱུང་བའི་གོ་སྐབས་ཀྱང་མང་བ་རེད། ཁྱིམ་ཚང་དེ་ལྟ་བུ་ལས་འཚར་ལོངས་བྱུང་བའི་བྱིས་པ་དང་། བྱིས་པར་ཆུང་དུས་ནས་ཨ་མའི་རིག་གནས་སློབ་གསོས་ཤུགས་རྐྱེན་བཟང་པོ་བསྐྲུན་པ་དང་། མཐོང་ཐོས་མང་བས་ཤུགས་ཀྱིས་གོམས་པས། མ་འོངས་པར་བྱིས་པ་ལེགས་འགྲུབ་མཁན་དུ་འགྱུར་བའི་སྣང་ཚུལ་དང་འདྲ་བརྙན་བཤམས་པ་རེད། རྒྱུ་མཚན་དེས་བུད་མེད་ཀྱི་སྤུས་ཀ་མཐོར་འདེགས་སུ་གཏོང་བ་དེ་མི་རིགས་ཀྱིི་སྤུས་ཀ་མཐོར་འདེགས་སུ་གཏོང་བ་དང་མཚུངས། བུད་མེད་ཀྱིས་དཔེ་ཀློག་བྱས་ན་མ་འོངས་པའི་མི་རིགས་ཤིག་སྐྱོབ་ཐུབ།

མི་རིགས་ཀྱི་མ་འོངས་པ་ནི་མ་ཡུམ་ལ་རག་ལས་སོ།

      ནུའེ་ཅན་ཧྲིན་གྱིས་འདི་འདྲ་གསུངས་མྱོང་། མི་རིགས་དང་མི་རིགས་ཀྱི་ཤུགས་ཚད། ཡང་དུས་དང་རྣམ་པ་ཀུན་དུ་མ་ཡུམ་དང་མ་ཡུམ་དག་གི་ཤུགས་ཚད་དོ། །ང་རང་ཤིན་ཏུ་གནད་འཁེལ་གྱི་སྐད་ཆ་འདི་ལ་མོས་ཡོད། མ་ཡུམ་ནི་བྱིས་པའི་ཆེས་ཐོག་མའི་སློབ་དཔོན་དང་། བྱིས་པ་ལ་བློ་ཐག་ཆེས་ཉེ་བའི་སློབ་དཔོན་ཀྱང་ཡིན་ནོ། །ཨ་མས་གནད་དོན་ལ་ཇི་ལྟར་འཛིན་པ་དང་བྱིས་པ་ལ་གང་ལྟར་དུ་བཤད་པ་སོགས་ཀྱིས། བྱིས་པའི་མི་ཚེ་ལ་ཤུགས་རྐྱེན་ཟབ་མོ་འཇོག་ཐུབ། རྒྱུ་མཚན་དེས་བྱིས་པའི་མ་འོངས་པའི་འཕེལ་འགྲིབ་དེ་མི་རིགས་ཀྱི་མ་འོངས་པའི་འཕེལ་འགྲིབ་ལ་འབྲེལ་བ་དམ་ཟབ་ཡོད། མི་རིགས་ཀྱི་མ་འོངས་པ་ནི་མ་ཡུམ་ལ་རག་ལས་སོ། 

འཛམ་གླིང་གི་ཁྱིམ་ཚང་སློབ་གསོའི་ཀློག་དེབ་གྲགས་ཅན་སྦྱངས་ཐོབ་སློབ་གསོའི་མན་ངགགི་སློབ་ཚན་དང་པོར་ཡང་རྒྱལ་དམངས་ཀྱི་ལས་དབང་དབང་ཆ་ལྡན་པའི་མགོ་ཁྲིད་ཀྱི་ལག་ལ་ཡོད་ཟེར་བ་ལས་མིའི་རིགས་ཀྱི་མ་ཡུམ་དག་གི་ལག་ན་ཡོད་ཅེས་བཤད་ན་ལེགས་ཞེས་གསུངས་ཡོད། མི་མང་པོས་ཁར་ཝར་ལ་བྱིས་པ་སྤྱང་པོ་ཞིག་སྐྱེས་ཡོད་རབས་གླེང་ཡང་། ཁར་ཝར་གྱིས་དུས་རྒྱུན་ཁོང་གི་ཨ་མའི་བཀའ་དྲིན་ཡིན་ཟེར། ཁོང་གིས་བཤད་ནི་སློབ་གསོ་ནི་ཆེས་ཐོག་མར་ཨ་མ་ནས་འགོ་བརྩམས་དགོས་པར་འདོད། ད་དུང་མོ་རིགས་དག་ལ་ཨ་མ་ཚད་ལྡན་ཅིག་བཙའ་རྒྱུའི་སྟ་གོན་དགོས་ཟེར། ཁོ་མོ་ཚོའི་ལུས་ཐང་པོ་དང་འདུ་ཤེས་གཙང་མ། དེ་མིན་གྱི་རྒྱུན་ཤེས་ཕྱོགས་ཀྱང་གལ་འགངས་ཆེན་པོ་ཡིན། སྤྱིར་སློབ་གསོ་ནི་སླབ་གྲྭ་ནས་འགོ་རྩོམ་རྒྱུ་ཞིག་ཡིན་མི་འོས། སློབ་གསོ་ནི་ཨ་མ་དང་ཁྱིམ་ཚང་ནས་འགོ་རྩོམ་ན་འགྲིག་ཟེར། ཨ་མ་ཇི་ལྟ་བུ་ཞིག་གིས་སྐྱོང་བའི་བྱིས་པའང་དེ་ལྟ་བུ་ཞིག་ཡིན་ངེས་སོ། 

ཨ་མ་ནི་འཚོ་བ་དད་ཞེན་མཁན་ཞིག་དང་། ཧུར་བརྩོན་གྱིས་མི་ཚེ་ལ་གདོང་གཏོད་མཁན་ཞིག་ཡིན་འོས། ཨ་མའི་ཉམས་དགའ་དེ་རང་ཉིད་ཀྱི་བྱིས་པ་ལའང་འགོ་སྲིད། ཨ་མ་ནི་བར་མི་ཆད་པར་ཀུན་ནས་ཀུན་ཏུ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་འོས། དུས་རབས་ཀྱི་ཚིགས་འགྲོས་ཀྱི་རྗེས་ཆོད་མཁན་ཞིག་ཡིན་འོས། ཁོ་མོའི་འགྲོ་འདུག་སྤྱོད་གསུམ་ཚང་མས་རང་གི་བྱིས་པ་ལ་ཤུགས་རྐྱེན་ཆེན་པོ་འཇོག་ངེས། སྔོན་ཞིག་ལ་གཏམ་རྒྱུད་འདི་འདྲ་ཞིག་བྱུང་མྱོངས། དུས་རྒྱུན་འཚོ་བའི་ནང་ལ་མོ་རང་ཁོམ་ལོང་གཏན་མེད་པའི་མི་ཞིག་ཡིན། དུས་དེབ་དང་ཚགས་པར་སོགས་ཀློག་རྒྱུ་ཁོམ་ལོང་ཡོང་མེད། དུས་རྒྱུན་བྱིས་པ་ངལ་གོས་ནས་ཕྱིར་ཁྱིམ་ལ་ལོག་སྐབས་ཁོ་མོ་ནེམ་ཁྲི་ལ་བསྡད་ནས་དཔེ་ཀློག་བྱས་ཏེ། བྱིས་པ་དཔེ་ཀློག་ནི་གལ་འགངས་ཆེ་བའི་བྱ་བ་ཞིག་ཡིན་པའི་བརྡ་རྟགས་བསྟན། བྱིས་པས་དེ་མཐོང་རྗེས་རང་འགུལ་ངང་ནས་དཔེ་ཀློག་བྱེད་དུ་འགྲོ་བ་རེད། དེ་ལྟར་ཁོ་མོས་ཆེས་མཇུག་མཐར་ལེགས་འགྲུབ་བྱུང་བའི་བུ་ཞིག་གསོ་སྐྱོང་རྒྱབ་སོང་བ་རེད།

བུད་མེད་ཀྱིས་དཔེ་ཀློག་བྱས་ན་མི་རིགས་སྐྱོབ་ཐུབ།


  • ལེ་ཚན་སྔོན་མ།:རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་བྱུང་འཕེལ།
  • ལེ་ཚན་རྗེས་མ།:རེ་སྨོན།