དོན་ངོ་མ་ང་རང་ལ་ཅི་ཞིག་ཐོབ་ན་འདོད།

སྐལ་བཟང་རྡོ་རྗེ།        2018-08-22

   གསེར་མདོག་གི་ཁྲི་གདུགས་གཞོན་ནུ་ཨ་སྔོན་གྱི་མཁའ་དབྱིངས་ནས་འཕྱོ་ཞིང་། དུང་མདོག་གི་རྒྱུ་སྐར་རྒྱལ་པོའང་བར་སྣང་གི་ཀློང་རིམ་ནས་འཆར་བྱུང་། དེའི་བར་མཚམས་ནས་འཚོ་བ་ལ་མགོ་རྨོངས་ཤིང་སྤྱི་ཚོགས་ལ་ཡ་ང་བའི་ང་རང་ལ་དོན་ངོ་མ་ཅི་ཞིག་ཐོབ་ན་འདོད། སྨྲ་མི་ཤེས་པའི་ཚོར་སྣང་རེ་རེ་དང་། བརྗོད་མི་ནུས་པའི་ཉམས་འགྱུར་རེ་རེ། དྲན་མི་སྲིད་པའི་ལས་དབང་རེ་རེ། མདོར་ན། དེ་དག་ཡོད་ཚད་ཀྱི་ཡོད་ཚད་དེ་ང་རང་ལ་དབང་ཡོད་པ་སྨོས་ཅི་དགོས།

   ཀྱེ་ཀྱེ། དོན་ངོ་མ་ང་རང་ལ་ཅི་ཞིག་ཐོབ་ན་འདོད། ངས་འདས་ཟིན་པའི་ལོ་ཟླ་དག་ལ་ཕྱིར་འདང་ཡག་པོ་ཞིག་བྱས་ཚེ། ད་གཟོད་དངོས་ཡོད་ཀྱི་གནས་ཚུལ་ལ་འཕོ་འགྱུར་གྱི་གསར་གཏོད་ཞིག་ཡོད་ངེས།

   ཤེས་རིག་གི་པད་ཚལ་གླིང་ནས་ལྔ་རིག་གི་བཅུད་ལ་རོལ་བཞིན་པའི་གཡུ་སྦྲང་གི་སློབ་བུ་ང་རང་ལ་མཚོན་ན། རིག་གཞུང་གི་དབུ་འཕང་དགུང་ལས་མཐོ་ཞིང་། ལྟོ་གོས་ཀྱི་ལང་ཚོ་དཔལ་དུ་རོལ་ཏེ་བདེ་སྐྱིད་ཀྱི་འཚོ་བའི་དགོད་སྒྲ་བསུ་བ་དང་ལྷན་དུ་རང་མི་རིགས་འདི་ལ་ཞབས་ཞུ་བའམ་བྱས་རྗེས་རེ་འཇོག་འདོད་པ་ལས་མ་འདས་སོ།


  • ལེ་ཚན་སྔོན་མ།:ཡང་དག་པའི་ལམ་བུ།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་ལོ་ངོ་བཞི་བཅུ།