བྱམས་ལྡན་གྱི་ཨ་མ།

རྡོ་རྗེ་མཚོས།        2014-02-20

 གལ་ཏེ་ཁྱོད་ནི་བྱིས་པ་ཡ་རབས་ཚུལ་ལྡན་ཞིག་དང་དྲིན་དུ་གཟོ་བའི་མི་ཞིག་ཡིན་ན། ཁྱོད་རང་འཇིག་རྟེན་འདིའི་སྟེང་ཆེས་དགའ་བའི་མི་ནི་ཨ་མ་ཡིན་པར་ངས་ཁག་ཐེག་བྱེད་ཐུབ། རྒྱུ་མཚན་ནི་ཁྱོད་རང་འཇིག་རྟེན་འདིའི་སྟེང་དུ་འཚོ་གནས་བྱེད་པར་རོགས་རམ་དང་རྒྱབ་སྐྱོར་བྱེད་མཁན་དང་བྱིས་པ་བསམ་མེད་ནས་རང་རྐྱ་འཕེར་དུ་འཇུག་ཐུབ་པ་སོགས་ཡོད་ཚད་ནས་ཡོད་ཚད་ཨ་མར་རག་མ་ལས་བ་ཞིག་མེད་པའི་རྐྱེན་ཡིན།
    ཨ་མ་ནི་ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ནང་མེད་དུ་མི་རུང་བ་ཞིག་ཡིན་ལ་། ནམ་ཞིག་ཁྱེད་ཀྱི་ལུས་ཕུང་མ་བདེ་ཚེ། དྲིན་ཆེན་མ་ལོའི་རང་ནུས་ཡོད་ཚད་ཁྱོད་ཀྱི་དོན་དུ་འབུལ་བཞིན་ཡོད།
    ང་ཚོ་ཚང་མ་ནི་རིག་གནས་སློབ་མཁན་ཡིན་ལ་སློབ་གྲྭའི་ནང་དུ་བསྡད་ན་སུན་སྣང་སྐྱེས་དུས་ཀྱང་ཡོད་སྲིད་ལ། དེ་དུས་སུ་དྲིན་ཆེན་གྱི་ཨ་མས་དབྱར་གྱི་ཚ་བ་དང་དགུན་གྱི་གྲང་ངར་ལ་མ་འཛེམ་པར་ཁྱོད་ལ་བལྟ་རུ་ཡོང་ལ། བྱིས་པ་ལ་ལའི་སེམས་སུ་དེ་ནི་རྒྱུན་ལྡན་ཞིག་ཡིན་པ་དང་དེ་ལྟར་བྱས་ཆོག་ཆོག་ཞིག་ཏུ་བརྩི་བཞིན་ཡོད་པའི་བསམ་པ་དེ་ང་ཚོའི་མཐའ་གཅིག་ཏུ་མེད་པར་བཟོ་དགོས།
    བྱམས་ལྡན་གྱི་ཨ་མ་ལགས། ཁྱེད་ཀྱི་ང་ཚོར་བཅངས་བའི་བླ་མེད་ཀྱི་བརྩེ་དུང་དང་འགྱུར་མེད་ཀྱི་སྙིང་རྗེ་དེ་ནི་བརྫུས་བཟོ་བྱས་པ་ཞིག་མ་ཡིན་པར། དེ་ནི་ནམ་ཡང་ང་ཚོས་སེམས་སུ་རྡོ་ལ་བརྐོས་པའི་རི་མོ་བཞིན་དུ་གནས་ཡོད། དེ་བས་ངས་ཁྱེད་རང་ལ་བཅངས་བའི་ལྷད་མེད་ཀྱི་བརྩེ་དུང་ནི་རི་རབ་ལས་དཔངས་མཐོ་ལ་རྒྱ་མཚོ་ལས་གཏིང་ཟབ་པ་ཞིག་ཡིན།
    དེ་བས། མཛུབ་མོར་སེར་ག་གས་ཤིང་སེར་ག་བརྣག་ཁྲག་གི་བརྫིས་ནས་བཙལ་བའི་ཕ་མའི་དངུལ་སྒོར་ཐམས་ཅད་ཉིང་མཚམས་སྦྱར་བའི་བུ་མོ་ང་ལ་སྟེར་བས། ཕ་རྒན་པོའི་ལག་རྟེན་གྱི་ཡུ་བ་བཅག་ཅིང་དྲིན་མ་ལོའི་སྡུག་བསྔལ་གྱི་མིག་ཆུ་ས་ལ་ཟགས་རུང་ངའི་འབྱུང་འགྱུར་གྱི་ཕུགས་བསམ་ལ་བདེ་བླག་གི་རྒྱལ་ཁ་མ་ཐོབ་བར་དུ་སྙིང་ཁོང་གི་འཕར་སྒྲ་འཇགས་མི་སྲིད་ལ། ཕ་མའི་རེ་བ་ནི་དེ་བས་ཀྱང་གཏོང་ཟད་དུ་མི་གཏོང་ཁོ་ཐག་ཡིན།
  • ལེ་ཚན་སྔོན་མ།:གསར་བྱུང་རིག་གནས་དང་དུ་ལེན་ཐབས།
  • ལེ་ཚན་རྗེས་མ།:ལོ་མཇུག་གི་རྟེན་འབྲེལ།