སྙིང་ཉེ་མ།

ཅི་པོ་ལུན་གྱིས་བརྩམས། བློ་བརྟན་གྱིས་བསྒྱུར།        2010-08-27

འདི་ནི་ཚེ་སྲོག་གི་དྭངས་ཁ་དང་བཟི་ཁེའི་དབྱེ་མཚམས་སྐད་ཅིག་མ།
འདི་ནི་སེམས་ཁོངས་ན་འབར་བའི་ཆེས་ཐོག་མའི་མེ་ལྕེ་དམར་པོ།
འདི་ཡང་གསང་བ་ལྐོག་གྱུར་གྱི་དབུགས་རིང་སྟེ།
ཡིད་ཀྱི་རྒྱུད་དྲུག་ལས་དཀྲོལ་བའི་སྙན་དབྱངས་ཐོག་མ།
འདི་ཡང་ཆེས་ཐུང་བའི་དུས་སྐབས་ཏེ།
སྔར་སོང་གི་གཏམ་རྒྱུད་བསྐྱར་མར་ཤོད།
མཚན་དགུང་གི་རྨི་ལམ་ལྟས་ཤར་མར་འགྲེལ།
ད་དུང་ཕྱིས་འབྱུང་གི་ཡོད་ཚད།
འདི་ནི་    འདོད་ལྷའི་དབང་པོས་བཤོས་པའི་ས་བོན་ཏེ།
དུས་བས་   ཡིད་ཀྱི་ཞིང་སར་བཏབས།
བརྩེ་བས་    མྱུ་གུའི་ཁོ་ལག་རྒྱས།
སེམས་པས་   འབྲས་བུའི་ལོོ་ཏོག་སྨིན།
སྙིང་ཉེ་མ་     ཁྱོད་ཀྱིས་བརྩེ་མདངས་ཀྱི་བུང་བའི་མིག་ཟུང་ཀེམ་ཀེམ་དུ་གཡོ་དུས།
བདག་བློའི་ཡིད་ཀྱི་མེ་ཏོག་ལྷག་ལྷག་ཏུ་བགད།   ཆེམ་ཆེམ་དུ་བཀྲ།
  • ལེ་ཚན་སྔོན་མ།:སྨོན་ལམ།
  • ལེ་ཚན་རྗེས་མ།: གཉེན་སྟོན།