སྨོན་ལམ།
རྣམ་རྒྱལ་གྱིས། ཐེ་ཀོར་གྱི་སྙན་རྩོམ། 2011-01-05
རྣམ་ཤེས་ཆུང་ཆུང་འདིར་བྱིན་རླབས་གནང་བ་དང་།དྭངས་གསལ་གྱི་རྣམ་ཤེས་འདིར་ང་ཚོའི་གོ་ལ་འདིའི་ཆེད་དུ་ལྷ་ཡུལ་གྱི་ཞལ་འོ་ཐོབ་པ་རེད།
ཁོ་རང་ཉིན་བྱེད་དབང་པོའི་གཟི་བྱིན་ལ་དགའ་བ་དང་ཁོ་རང།ཨ་མའི་ཞལ་གདམས་ལ་དེ་བཞིན་དགའ།
ཁོ་རང་གིས་འདམ་རྡུལ་ལ་ཞེན་ཁ་ལོག་པ་དང་གསེར་དངུལ་ལ་རྐམ་ཆགས་བྱེད་པའི་ཐབས་ཤེས་དེ་ད་རུང་སྦྱོང་མེད།
ཁོ་རང་སྙིང་ཁ་ལ་སྦྱར་ནས་བྱིན་གྱིས་རློབས་དང་།
ཁོ་རང་འགྲོ་ལམ་བརྒྱ་ཕྲག་དུ་མ་བཏབ་པའི་ས་གཞི་འདིར་སླེབས་ཚར་འདུག
ངས་ཁོ་རང་གིས་ཅི་ལྟར་མི་ཚོགས་ཀྱི་ཁྲོད་དུ་ཁྱོད་རང་གདམས་པ་མི་ཤེས།ཁྱོད་ཀྱི་སྒོ་ཁར་ཡོང་ནས་ཁྱོད་ཀྱི་ལག་པར་འཐམས་ནས་འགྲོ་སའི་ལམ་འདྲི།
ཁོ་རང་ཁྱོད་ཀྱི་རྗེས་སུ་འབྲངས་ངེས།དགོད་བཞིན་གླེང་བཞིན་ཐེ་དོགས་གང་ཡང་ཁོའི་སྙིང་ཁོང་དུ་མི་འདུག
ཁོའི་ཡིད་ཆེས་བདེན་པར་བཟུང་ནས་ཁོ་རང་དྲང་ལམ་དུ་ཁྲིད་དེ་བྱིན་གྱིས་རློབས་དང་།
ཁྱོད་ཀྱི་ལག་པ་ཁོའི་མགོར་བཞག་ནས།ཞབས་ཀྱི་རྦ་རླབས་རྣམས་རྟིང་སྐུལ་ཆེ་ན་ཡང་།སྟེང་ནས་ཡོང་བའི་མཁའ་དབུགས་ཀྱིས་ཁོའི་གྲུ་གཡོགས་འདེགས་ནས་ཁོ་རང་བདེ་བའི་འབབ་ཚུགས་སུ་ཁོད་ཅིག་ཅེས་སྨོན་ལམ་ཐོབས་དང་།
ཁྱོད་ཀྱིས་བྲེལ་འཚུབ་ནང་ཁོ་རང་བརྗེད་མི་རུང་།ཁོ་རང་ཁྱོད་ཀྱི་སྙིང་ཁོང་ནང་ཡོང་དུ་བཅུག་ནས་བྱིན་གྱིས་རློབས་དང་།