སྐར་གྲངས།

དགའ་སྐྱིད་མཚོ་མོ།        2020-11-16

འདིར་གོ་ལ་ཟླུམ་པོའི་པང་འདབས་སུ་མི་དུང་ཕྱུར་མང་པོས་ཁྱེད་ཀྱི་ཆེད་དང་ཁྱེད་ཀྱི་དབང་གིས་དཀའ་སྡུག་འཇིགས་གསུམ་ལ་མི་སྐྲག་པར་རང་སྲོག་བློས་བཏང་ཡང་ཆོག དེ་ནི་ཁྱེད་ཉིད་ཚད་མཐོན་པོ་ཞིག་བླངས་ཚེ་སྙན་གྲགས་དང་བསྟོད་བསྔགས། གཟི་བརྗིད་ཆེ་བར་མ་ཟད་མ་འོངས་པའི་མདུན་ལམ་ལ་ཡང་ཁ་ཕྱོགས་སྟོན་ངེས། གལ་ཏེ། ཁྱེད་ཉིད་དམའ་མོར་གྱུར་ཚེ་མི་མང་པོ་ཞིག་གི་སེམས་ཁམས་སྡུག་ལ་སྦྱར། ཅི་ལྟར་བྱས་ཀྱང་ཁྱེད་རང་མིག་ལམ་དུ་ཤར་ལ་སེམས་ནང་དུ་རྡོ་བརྐོས་རི་མོ་བཞིན་གསལ་བོར་དྲན། ངག་ནས་ང་ཤི་སོང་ན་ཅི་མ་རུང་ཞེས་ཡང་དང་བསྐྱར་དུ་བཟླས། ད་དུང་མི་ལ་ལས་ཁྱེད་ཀྱི་ཆེད་དུ་ང་རྒྱལ་དང་ཕྲག་དོག་གི་དབང་གིས་མགོ་ན་གནམ་མ་གཏོགས་མེད་པའི་སྣང་བ་སྐྱེ།

སྐར་གྲངས་ཁྱོད་ནི་ཁྱོད་དེ། ཕར་བལྟས་ཚོད་ཀྱི་ཧ་ཅང་གཉོམ་ཆུང་ཞིག་དང་འདྲ་བར་མིང་ཡང་ཡིག་འབྲུ་གཉིས་མ་གཏོགས་མེད། དོན་དངོས་སུ་ཁྱོད་ནི་མཚམས་རེར་བྱམས་ལྡན་གྱི་ལྷ་མོ་ཞིག་དང་འདྲ་བར་མི་ལ་དགའ་སྤྲོ་སྟེར། ཡང་མཚམས་རེར་ཁྱེད་ནི་གདུག་རྩུབ་ཀྱི་འདྲེ་མོ་ཞིག་དང་འདྲ་བར་མི་མང་པོར་འཇིགས་སྣང་དང་སེམས་ལ་རྨ་ཁ་བཟོ། ད་དུང་ཁྱེད་ནི་སྣ་ཁ་གཅིག་མིན་ཏེ། ཁྱེད་ནི་སྣ་ཁ་དུ་མའི་དབང་དུ་འདུས་པར་མ་ཟད་གཅིག་དགའ་ན་ཡང་གཅིག་སྡུག་པའི་དོན་དག་ཡང་འདི་ན་ཡོད་སྲིད། མི་ཅི་འདྲའི་དཔའ་བོ་ཞིག་གིས་ཁྱེད་ལ་ངོ་རྒོལ་དང་མི་ཅི་འདྲའི་གཡོ་སྒྱུ་ཅན་ཞིག་གིས་ཁྱེད་ལ་ཁྲམ་པ་བྱེད་མི་ཐུབ། དེར་མ་ཟད་མི་ཁྱོད་དང་ཅི་འདྲ་འོས་འཚམས་ཤིག་ཡིན་རུང་ཁྱེད་ཀྱི་ཚབ་བྱེད་མི་ཐུབ།

དང་ཐོག་ངེད་གཉིས་ངོ་མི་ཤེས་པའི་སྐབས་སུ་ངས་ཁྱེད་ནི་འདི་འདྲའི་ཡ་མཚན་ཞིག་ཡིན་པ་གཏན་ནས་མ་ཤེས། ངས་བསམ་པར་ཁྱོད་ནི་ལས་སླ་མོ་ཞིག་ནས་ཐོབ་པར་འདོད། འོན་ཀྱང་། དེ་འདྲ་མིན་ཏེ། ཁྱོད་ལ་ཅི་འདྲའི་ཡག་པོ་བྱས་ཀྱང་ཁྱོད་ཀྱིས་ལྡོག་ཕྱོགས་ཀྱི་དྲི་ལན་སྟེར། དེར་མ་ཟད་ཕ་མ་དང་གཉེན་ཉེ། གྲོགས་པོ་སུ་ཞིག་གིས་ཀྱང་ཁྱོད་སྐར་མ་དུ་རེད་ཅེས་དྲིས་ཚེ། དེ་དམའ་མོ་ཞིག་ཡིན་ན་ངོ་ཚའི་དབང་གིས་བཤད་ཀྱང་མི་ཕོད། མཐོན་པོ་ཞིག་ཡིན་ཚེ་སྐད་གསེང་མཐོན་པོས་བཤད་ལ་སེམས་ཀྱང་དགའ་རུ་འཇུག

སྐར་གྲངས་གིས་སློབ་མ་དེའི་ཡོད་ཚད་ཐག་གཅོད་བྱེད་མི་ཐུབ་ནའང་། དོན་དངོས་སུ་ཁྱེད་ཀྱིས་ང་ཚོའི་མི་ཚེ་ལ་ཐེ་གཏོགས་བྱེད་ངེས།།

  • ལེ་ཚན་སྔོན་མ།:དྲིན་ལ་དྲིན་ལན་གཟོ་བ།
  • ལེ་ཚན་རྗེས་མ།:བདག་གི་བོད་ཡིག་དཔེ་ཆ།