བདག་གི་བོད་ཡིག་དཔེ་ཆ།

དཔལ་འཛོམས།        2020-11-26

བདག་གི་བོད་ཡིག་དཔེ་ཆ་ནི་ཧ་ཅང་གཙང་མ་ཡིན། ང་ནི་བོད་ཡིག་དཔེ་ཆ་ལ་ཧ་ཅང་དགའ། རྒྱུ་མཚན་བོད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་དང་ཚེ་སྲོག་གི་དབུགས་ཐག་ཡིན། དེའི་རྐྱེན་གྱིས་ངའི་བོད་ཡིག་དཔེ་ཆ་ནི་དེ་འདྲའི་གཙང་མ་ཡིན།

མི་ཞིག་ལ་མཚོན་ན་རང་གི་སྐད་ཡིག་མི་ཤེས་པའམ་སྐད་ཡིག་ལ་མཐོང་ཆེན་མེད་པ་ནི་ངོ་ཚ་དགོས་པ་ཞིག་ཡིན། དེའི་རྐྱེན་གྱིས་ང་ཚོའི་བོད་ཡིག་སློབ་དེབ་གཙང་དགོས་པར་མ་ཟད། ད་དུང་དེའི་ནང་གི་ཤེས་བྱ་ཡོད་ཚད་ཀླད་པའི་ནང་དུ་འཛིན་དགོས། ང་ཚོའི་བོད་ཡིག་དཔེ་ཆ་ནི་གཙང་མ་དང་ཡག་པོ་ཡིན་དགོས། བོད་ཡིག་གི་དཔེ་ཆའི་ནང་དུ་ང་ཚོ་ལ་བསླབ་མི་ཚར་བའི་བསླབ་བྱ་དང་བཀའ་སློབ་ཡོད། པཎ་ཆེན་རིན་པོ་ཆེའི་བཀའ་སློབ་ལྟར་ང་ཚོས་ངེས་པར་དུ་འབད་བརྩོན་ལྷོད་མེད་ཀྱིས་རང་གི་སྐད་ཡིག་སྦྱང་དགོས།

མདོར་ན་བདག་གི་བོད་ཡིག་དཔེ་ཆ་ནི་ཧ་ཅང་གཙང་མ་གཙང་དག་ཅིག་ཡིན། བོད་ཡིག་དཔེ་ཆ་གཙང་བ་དང་དེའི་ནང་གི་ཤེས་བྱ་དང་བཀའ་སློབ་ཚང་མ་སེམས་སུ་འཛིན་དགོས། བོད་ཡིག་དཔེ་ཆ་གཙང་བར་མ་ཟད། ད་དུང་དཔེ་ཆ་གཞན་དག་ལའང་བརྩི་མཐོང་དང་སློབ་སྦྱོང་བྱས་ཏེ་ཤེས་བྱ་དག་རང་རྒྱུད་ལ་ལེན་དགོས།

  • ལེ་ཚན་སྔོན་མ།:སྐར་གྲངས།
  • ལེ་ཚན་རྗེས་མ།:ཨ་མར་བསྟོད་པ།