ས་སྲོད་རྫོགས་རྗེས།༼ ཞར་བཀོད་གཉིས། ༽

མིག་གསར་བ།        2018-08-31

 སྲང་ལམ་གྱི་མཚན་ནམ་སྐྱ་བོ། ལོ་མ་དང་སྡོང་བོ་ལས་མེད། ཁེར་རྐྱང་གི་ན་བུན་དམར་པོ། འགྲོ་ཤུལ་དུ་རབ་རིབ་ངང་གདའ། སྨྲེང་སེམས་ཀྱི་འཁུན་སྒྲ་མནར་མ། ལུས་སྟེང་དུ་ནད་རྟགས་བཞིན་ལྷག་གདའ། གོད་ཆག་གི་ཚེ་སྲོག་རྨས་མ།གཏམ་རྒྱུད་དུ་ན་ཟུག་གི་རི་མོ། འུ་གཉིས་ཀྱི་ཉི་ནུབ་མཐའ་དག རྒྱང་རིང་གི་བར་ཐག་བྱུང་ཟིན། ཐོབ་ཤོར་གྱི་བརྩེ་དུང་ལྷག་མ། ངུ་སྐད་ཀྱིས་འཇགས་ཐབས་མི་འདུག

 ལམ་བར་དུ།

 ལམ་བར་དུ། ངས་རྩམ་པའི་དྲི་ཚོར་བྱུང་། རང་ཡུལ་གྱི་ཁ་བ་མཐོང་བྱུང་། ང་རང་ཡུལ་གྱི་ཁ་བ་ལ་དུངས། ངས་རང་ཡུལ་ལ་ས་སྲོད་བྲིས། ནུབ་ལ་ཉེ་བའི་ས་སྲོད་ཅིག་བྲིས།ལམ་བར་དུ། ང་ལ་ཟླ་འོད་དང་ཉི་འོད་ལས་མེད། གཞན་དག་གི་བྱང་སེམས་དང་། མིག་ལམ་གྱི་མཛེས་པ་མེད། ང་རང་ཡུལ་གྱི་ཁ་བ་ལ་ཆགས་ཡོད། སྙིང་དུ་སྡུག་པའི་མི།

 SWཕུལ།

 མཚན་མོ་འདི་འཆར་ཡན་གྱིས་གྲུབ་ཡོད། དེ་ནི་འུ་གཉིས་ཀྱི་སྐད་ཆའི་གསེང་ནས། སྙིང་འདྲ་བའི་ནང་ཚིག་བཤད་པས་ཡིན། སྲར་ལམ་དག་ན་མེ་ཏོག་བཞད་འདུགདེ་ནི་འུ་གཉིས་ཀྱི་རྐང་རྗེས་ཤུལ་དུ་ལྷག་པས་ཡིན། སྡོང་བོ་དག་ལ་ཁེར་རྐྱང་གི་ལྭ་བ་བཟོས་བས་ཡིན། སྙིང་དུ་སྡུག་པའི་མི་ལགས།ཁྱོད་ནི་སྐད་ཆས་མཚོན་མི་ནུས་པ་ཞིག་རེད།


  • ལེ་ཚན་སྔོན་མ།:བདག་གི་ཕ་ཡུལ་གྱི་འགྱུར་ལྡོག
  • ལེ་ཚན་རྗེས་མ།:ཕ་ཡུལ་ལ་འཕོ་འགྱུར་བྱུང་ཚུལ་གླེང་བ།