ཕ་ཡུལ་ལ་འཕོ་འགྱུར་བྱུང་ཚུལ་གླེང་བ།

རྡོ་པེ།        2018-09-04

    ངས་ཁུལ་ཐོག་ནས་དཔེ་ཆ་འདོན་བཞིན་ཡོད་པས་ཕ་ཡུལ་དང་འབྲེལ་ཐག་ཅུང་རིང་བ་ཡིན་པ་ནི་དབྱར་གནང་དང་དགུན་གནང་གི་དུས་སུ་མ་གཏོགས་ང་ཕ་ཡུལ་དུ་འགྲོ་མི་ཐུབ་པས་ཡིན། ཡིན་ན་ཡང་། ང་ཕ་ཡུལ་གྱི་དེང་རབས་ཅན་གྱི་བཅོས་བསྒྱུར་སྒོ་འབྱེད་ལས་ཕ་ཡུལ་ལ་བྱུང་བའི་འཕོ་འགྱུར་ལ་གསལ་ཁ་ཆེན་པོ་འདུག་པ་ནི། ཕ་ཡུལ་དུ་ལོག་ཐེངས་རེ་རེའི་ང་ལ་གནང་བའི་མཐོང་ཐོས་ལས་ཅི་ཡང་མི་འདུག ཡུན་རིང་མ་འདས་པའི་ལོ་འདི་དག་གི་ནང་ཕ་ས་ཕ་ཡུལ་ཏེ་དྭངས་ལག་ཡུལ་ཚོ་རྒྱབ་ཆེན་སྡེ་བའི་ཏང་ཀྲི་པུའུ་ལ་རྒྱལ་ཡོངས་གཞི་རིམ་ཏང་རྩ་འཛུགས་དང་མཚོ་སྔོན་ཞིང་ཆེན་གཞི་རིམ་ཏང་རྩ་འཛུགས་སོགས་ཀྱིས་དམངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་དམངས་ཀྱི་འདུ་ཤེས་བཅོས་བསྒྱུར་དགོས་པའི་བཀའ་གནང་པ་རེད། ཕ་ཡུལ་གྱི་འགོ་ཁྲིད་དང་ཤེས་ཡོན་པ་དག་གིས་སྣེ་ཁྲིད་འོག་སྡེ་མི་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཕ་ཡུལ་གྱི་འགྲིམ་འགྲུལ་ལ་སྟབས་བདེ་ཆེད་དུ་ས་ཁུག་ལུང་ཁུག་སོགས་སུ་ལམ་ལས་པ་དང་། ས་ཁུག་ལུང་ཁུག་དག་གི་ལམ་འགྲམ་སོགས་སུ་གཙང་དག་བྱེད་ཆེད་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཆུང་ངུ་མང་པོ་བཙུགས་ཏེ་རུ་སྡེ་སོགས་སུ་སྐབས་བསྟུན་གྱིས་སོང་ནས་ཁོར་ཡུག་དག་གཙང་གི་དགེ་མཚན་དང་བྱེད་ཐབས་སོགས་ཁྱབ་བསྒྲགས་བྱེད་པ་རེད།

   ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་ཕྱུག་འགྱུར་དམངས་ཕན་གྱི་བྱ་བ་ལེགས་པོར་བསྒྲུབ་ཆེད་ཡུལ་ཚོ་དང་གྲོང་རྡལ་སོགས་ལ་ཐག་མི་རིང་སར་ཕྱུགས་ལས་བཟོ་གྲྭ་དང་ཆུ་འདོན་བཟོ་གྲྭ་སོགས་འཛུགས་སྐྲུན་བྱས་དང་བྱེད་བཞིན་པའི་སྒང་ཡིན་འདུག ད་དུང་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། དམངས་ཀྱི་ཡོང་སྒོ་འཚོལ་བ། དམངས་ཀྱི་འདུ་ཤེས་བཅོས་བསྒྱུར་དང་། དམངས་ཀྱི་དད་མོས་སྲ་བརྟན། དམངས་ཀྱི་འཚོ་བ་ཡར་ཐོན། དམངས་ཀྱི་བསམ་བློ་བཅིངས་འགྲོལ། སྡེ་བ་མཐུན་སྒྲིལ་དང་མི་སེར་འཆམ་མཐུན། ཁོར་ཡུག་སྲུང་སྐྱོང་བཅས་ལ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་བཟང་པོ་བྱེད་བཞིན་པ་དག་ད་ལོའི་དབྱར་གནང་གི་སྐབས་སུ་གསལ་བོར་མཐོང་བྱུང་། འདི་དག་ལས་ལོ་འགའི་ཡར་སྔོན་དུ་དབུལ་སྐྱོར་གྱི་གནས་སུ་ལྷུང་བའི་ཕ་ཡུལ་ནི་ད་ལྟ་མཐུན་སྒྲིལ་དང་སྟོབས་ཤུགས་ཀྱིས་ཁེངས་པའི་རྩ་འཛུགས་ཤིག་ཏུ་གྲུབ་འདུག

   དབུལ་ཐར་འགག་སྒྲོལ་དང་མང་ཚོགས་ཕྱུག་པོར་བསྒྱུར་བ་དང་བོད་ལྗོངས་དར་སྤེལ་གཏོང་ན་གཙོ་བོ་འཕེལ་རྒྱས་ལ་རག་ལས་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། བོད་ལྗོངས་ཀྱི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཁྲོད་དམངས་འཚོ་རྒྱུན་མ་ཆད་པར་ལེགས་བསྒྱུར་བྱ་དགོས་ཞེས་ལིས་ཁི་ཆང་ལགས་ཀྱིས་བོད་ལྗོངས་ཀྱི་བྱ་བར་རྟོགས་ཞིབ་མཛད་སྐསབ་གནང་བ་ཇི་བཞིན་ཕ་ཡུལ་དུ་འཕོ་འགྱུར་བློ་ལྷག་འབྱུང་བཞིན་འདུག ཕ་ཡུལ་སྡེ་བ་འདིར་མཚོན་ན་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་ཚུན་ལ། ངོ་མ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། དཔེར་ན་སློབ་གསོ་དང་འཕྲོད་བསྟེན།འགྲིམ་འགྲུལ། ཆུ་གློག ཐོན་སྐྱེད་འཚོ་བ་གང་ཅིའི་ཐད་ནས་རང་བློར་དཔོག་དཀའ་བའི་འཕོ་འགྱུར་བྱུང་ཡོད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་མགོ་ཁྲིད་ཀྱི་བཀའ་དྲིན་ཡིན་ལ། ཡང་གཅིག་བཤད་ན་ངེད་སྡེ་བའི་ཏང་ཀྲི་པུའུ་ཡི་ལྷག་བསམ་ཟོལ་མེད་དང་སྟོབས་ཤུགས་གཅིག་གྱུར་གྱི་སྣེ་ཁྲིད་ལའང་རག་ལས་ཡོད་པ་ཞིག་རེད།།


  • ལེ་ཚན་སྔོན་མ།:ས་སྲོད་རྫོགས་རྗེས།༼ ཞར་བཀོད་གཉིས། ༽
  • ལེ་ཚན་རྗེས་མ།:ཨ་ཕྱི་དང་ཨོང་བ།