སྐད་འཕྲིན་སོགས་བརྡ་ཆད་གསར་བ་དག་བོད་ཡིག་མིང་བརྡའི་ཁྲོད་ཚུད་པ།

    མཚོ་སྔོན་པོ་དྲ་བ།    2013-12-25

རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་བོད་སྐད་ཡིག་བྱ་བའི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་དེང་རབས་ཀྱི་བརྡ་ཆད་གསར་བ་དག་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཚར་པར་མ་ཟད། བོད་ཡིག་བརྡ་ཆད་གསར་བ7000ལྷག་དང་། ཚན་རྩལ་བརྡ་ཆད་ཁྲི6། རྩིས་འཁོར་ཐད་ཀྱི་བརྡ་ཆད་ཁྲི12ལྷག་ཞིབ་བཤེར་གཏན་འབེབས་བྱས་པས། རྒྱའི་སྐད་དུ་ཝེ་ཞིན་དང་ཧྥེ་ཞིན་ཞེས་པ་སོགས་དེང་རབས་ཀྱི་བརྡ་ཆད་གསར་བ་དག་ལ་བོད་ཡིག་ཁྲོད་དེ་དང་ཆ་མཐུན་གྱི་ཡང་དག་པའི་མིང་བརྡ་བཏགས་པ་རེད།
  བོད་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བོད་ལྗོངས་ཀྱིས2002ལོ་ནས་བོད་ཡིག་གི་བརྡ་ཆད་གསར་བ་བསྡུ་སྒྲིག་དང་ཞིབ་བཤེར་གཏན་འབེབས་བྱེད་པའི་ལས་ཀའི་འགོ་བརྩམས་པར་མ་ཟད། ཉེ་བའི་ལོ་གཉིས་ནང《བརྡ་ཆད་གསར་བའི་ཞིབ་བཤེར་གཏན་འབེབས་དང་དོ་དམ་གྱི་ཆོད་དོན》དང《བརྡ་ཆད་གསར་བའི་བོད་ཡིག་ལོ་ཙཱའི་ཚད་ལྡན་དང་བཀོལ་སྤྱོད་ཀྱི་བྱེད་ཐབས》། 《བརྡ་ཆད་གསར་བའི་རྒྱ་བོད་ཤར་སྦྱར་ཚིག་མཛོད》སོགས་པར་བསྐྲུན་བྱས་པ་རེད།
  བརྡ་ཆད་གསར་བའི་ལོ་ཙཱ་དང་བཀོལ་སྤྱོད་རྙོག་འཛིང་ཡིན་པའི་རྣམ་པ་གཏན་འགོག་བྱེད་ཆེད་བོད་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དྲ་རྒྱ་དང་གསར་འགྱུར་སྨྱན་སྦྱོར་གྱི་སྟེགས་བུ་སྤྱད་ནས། བོད་ལྗོངས་བོད་སྐད་ཡིག་དྲ་རྒྱ  དང་། བོད་ལྗོངས་འཕྲིན་དྲ།  བོད་ཡིག་གི《བོད་ལྗོངས་ཉིན་རེའི་ཚགས་པར》།《བོད་ལྗོངས་ཞིབ་འཇུག》སོགས་སུ་བོད་ཡིག་བརྡ་ཆད་གསར་བ་དྲིལ་སྒྲོག་དང་ཁྱབ་བརྡལ་དུ་བཏང་བ་རེད།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཚང་འ
  • ལེ་ཚན་རྗེས་མ།:ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།