མཆོད་མེ་བོད་ཀྱི་རྩོམ་རིག་དྲྭ་བ། 2011-02-23
ཀྲུང་གོའི་མཚོ་སྔོན་བོད་རིགས་དྲ་བ་དེ་སྤྱི་ལོ2011ལོའི་ཟླ2པའི་ཚེས9ཉིན་དངོས་སུ་ཤར་གཏོང་བྱས་པ་རེད། དྲ་ཚིགས་འདི་ནི་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་བྱས་ལ། མིང་དུ་གྲགས་པའི་བོད་རིགས་རྩོམ་པ་པོ་ནགས་ཚང་ནུས་བློས་དྲ་ཚིགས་ཀྱི་གཙོ་འགན་བཞེས་གྱིན་ཡོད། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་ནི་མཚོ་སྔོན་བོད་རིགས་ཀྱི་དམངས་ཁྲོད་རྩ་འཛུགས་ཞིག་ཡིན་པ་དང་། སྤྱི་ལོ་༡༩༩༨ལོའི་ཟླ༥བར་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་ཁྲོད་རྩ་འཛུགས་དོ་དམ་སྡེ་ཁག་གིས་ཆོག་མཆན་བྱས་པ་ལྟར་བཙུགས་ཤིང་ད་ལྟ་ཚོགས་མི༦༨༠ལྷག་བཞུགས་འདུག རང་ཉིད་ཚོགས་པའི་རྩ་བའི་དམིགས་དོན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་ལ་བརྟེན་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་ལྡན་པའི་འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་དང་། མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་མདུན་དུ་བསྐྱོད་པར་མེད་དུ་མི་རུང་བའི་བྱ་བ་གང་མང་པོ་ཞིག་བསྒྲུབས་ཤིང་སྒྲུབ་བཞིན་ཡོད།
དྲ་ཚིགས་ཀྱི་གཙོ་འགན་པ་ནགས་ཚང་ནུས་བློས་བཤད་རྒྱུར། དེ་རིང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་གཉེར་མཛད་པའི་ཀྲུང་གོའི་མཚོ་སྔོན་བོད་རིགས་དྲ་བ་དངོས་སུ་འགོ་ཚུགས་པར་རང་ཉིད་དགའ་སྤྲོ་ལྷག་ཏུ་སྐྱེས་བྱུང་། ང་ཚོས་རྗེས་སུ་རྒྱལ་ཁབ་ཀྱི་གཅིག་འགྱུར་དང་མི་རིགས་ཀྱི་མཐུན་སྒྲིལ་སྤྱི་ཚོགས་ཞི་འཇམ་བཅས་ལ་སྲུང་སྐྱོབ་བྱེད་པ་གཞིར་བཟུང་སྟེ་རང་ནུས་ཅི་ཡོད་ཀྱིས་དྲ་བ་འདི་བཟང་འགྲུབ་ཆེད་དུ་མདོ་དབུས་ཁམས་གསུམ་གྱི་ཤེས་རིག་ཡོན་ཏན་ཡོད་ལ་ཆབ་སྲིད་གོ་རྟོགས་ལྡན་ཅིང་། བོད་མི་རིགས་རང་གི་ལས་དོན་ལ་ཐུགས་འཁུར་དང་ལ་རྒྱའི་བརྩོན་སེམས་ཡོད་པའི་བོད་མི་ཡོངས་དང་མཉམ་དུ་འབད་བརྩོན་བྱེད་རྒྱུ་ཡིན་པས། བོད་མི་ཡོངས་ཀྱི་གཟིགས་མཁན་རྣམས་ཀྱིས་དྲ་བ་འདི་བརྒྱུད་དེ་ཕན་ཚུན་བསམ་འདོད་བརྡ་འཕྲིན་བརྗེ་སྤྲོད་དང་། རང་སའི་རིག་གནས། སློབ་གསོ། སྤྱི་ཚོགས་ཡར་རྒྱས་སོགས་སྐོར་གྱི་གསར་འགྱུར་ངོ་སྤྲོད་བཅས་བྱེད་པ་སོགས་ཕྱོགས་མང་ཙམ་ཐད་ནས་ང་ཚོའི་ལས་དོན་འདི་ལ་རོགས་སྐྱོར་བྱེད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། ལ་རྒྱའི་བརྩོན་སེམས་ལྡན་པའི་བོད་མི་ཡོངས་ཀྱི་ཁ་ཞེ་མཐུན་པའི་ཐུགས་འཁུར་དང་རྒྱབ་རོགས་འོག ང་ཚོར་དྲ་བ་འདི་བཟང་འགྲུབ་ཐུབ་པའི་སེམས་ཤུགས་བརྟན་པོ་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10