ཞིན་ཧྭ་གསར་འགྱུར་ཁང་གིས2010ལོའི་རྒྱལ་ནང་གསར་འགྱུར་ཆེན་པོ་བཅུ་དཔྱད་འདེམས་བྱས།(4)

        2011-01-06


དགུ   རང་རྒྱལ་གྱི་འབྲུ་རིགས་ལོ་བསྟུད་མ་བདུན་པ་ཐོན་འཕར་ཡོང་ཡོད།   
རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་སྤྱི་བསྒྲགས་བྱས་པར་ལྟར་ན།   2010ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་ཚད་ཏུན54641(རྒྱ་མ་དུང་ཕྱུར10928)ཡིན་ཞིང་སྔ་ལོ་དང་བསྡུར་ན་བརྒྱ་ཆ2.9ཡར་འཕར་བྱུང་ཡོད།   འདི་ནི་རང་རྒྱལ་གྱི་འབྲུ་རིགས་ལོ་ཐེངས་བསྟུད་མ་བདུན་པ་ཐོན་འཕར་ཡོང་བ་ཡིན་ལ་རང་བྱུང་གི་གནོད་འཚེ་ཚབས་ཆེན་ལས་རྒྱལ་ཁ་ཐོབ་པའི་ཪྙེད་དཀའ་བའི་གྲུབ་འབྲས་ཤིག་ཀྱང་ཡིན་པ་རེད།
བཅུ།   ཀྲུང་དབྱང་གིས་ཧུར་བརྩོན་བརྟན་བརླིང་དང་ཞིབ་གཟབ་བབ་བསྟུན་གྱི་སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་བརྩོན་ལེན་ཁ་ཕྱོགས་བཏོན་པ་རེད།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་བཀོད་དེ་དཔལ་འབྱོར་ལས་དོན་གྱི་རང་དབང་གི་ནུས་པ་དམ་པོར་བཅངས་ཏེ་དཔལ་འབྱོར་བརྟན་བརླིང་ངང་མགྱོགས་ཙམ་འཕེལ་རྒྱས་རྒྱུན་གནས་ཡོང་བ་དང་།  དཔལ་འབྱོར་སྒྲིག་བཀོད་ལེགས་སྒྲིག་བྱེད་པ།    རྒྱུག་དངུལ་སྟོང་འཕར་ཡོང་བ་ལ་སྔོན་དཔག་བྱེད་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོར་བྱས་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་སྤྱི་ཁོག་གི་ཐོག་ནས་ཚོད་འཛིན་བྱེད་པའི་གཙོ་གནད་དུ་བཟུང་ནས་གནས་བབ་གསར་པ་དང་གནས་ཚུལ་གསར་པར་གཞིགས་ནས་དུས་བསྟུན་གྱིས་སྲིད་ཇུས་ཀྱི་དམིགས་སའི་རང་བཞིན་དང་བབ་བསྟུན་གྱི་རང་བཞིན་མཐོ་འདེགས་གཏོང་བར་ཤུགས་ཆེན་རྒྱག་དགོས།དཔལ་འབྱོར་དང་སྤྱི་ཚོགས་གནས་སྟངས་བཟང་པོའི་ཕྱོགས་སུ་སྔར་ལྷག་གིས་སྲ་བརྟན་གཏོང་དགོས།
 
  • ལེ་ཚན་སྔོན་མ།:རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་ལྔས་གཞུང་གཉེར་སྨན་ཁང་བཅོས་སྒྱུར་བྱེད་སྐབས་མི་རིགས་ས
  • ལེ་ཚན་རྗེས་མ།:ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་ཁངས་བབས་པ་དང་ཟི་ལིང་ས་ཁུལ་ལའང་ཚེས་དགུ་ཉིན་གྱི་ཕྱི་དྲོ་ནས་བཟུང་ཁངས་འབབ་
  • དོ་སྣང་ཆེ་བའི་རྩོམ།