རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་ལྔས་གཞུང་གཉེར་སྨན་ཁང་བཅོས་སྒྱུར་བྱེད་སྐབས་མི་རིགས་སྨན་བཅོས་ལས་ཁུངས་འཕེལ་རྒྱས་སུ་གཏོང་བར་འོས་འཚམ་གྱིས་འཆར་འགོད་བྱེད་རྒྱུ་གཏན་ལ་ཕབ་པ།

ཀླུ་འབུམ་བྱམས།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-05

གསར་འགོད་པས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་ཤེས་པ་ལྟར་ན། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུའུ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། འཕྲོད་སྟེན་པུའུ། རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་རྟོག་དོ་དམ་ཅུའུ་བཅས་ཀྱིས་ཉེ་ལམ་2012ལོའི་རྒྱལ་ཡོངས་མི་རིགས་སྨན་རྫས་ཀྱི་བྱ་བ་གཙོ་བོ་ལག་བསྟར་ཇུས་གཞི་གཏན་ལ་ཕབ་ནས། མི་རིགས་སྨན་ཁང་འཛུགས་པར་སྔར་ལས་ཤུགས་སྣོན་རྒྱུ་རེད་ཟེར།
ཇུས་གཞི་དེ་ལྟར་དུ། རྗེས་མར་གཞུང་གཉེར་སྨན་ཁང་བཅོས་སྒྱུར་བྱེད་སྐབས་མི་རིགས་གསོ་རིག་སྨན་བཅོས་ལས་ཁུངས་འཕེལ་རྒྱས་སུ་གཏོང་བར་འོས་འཚམ་གྱིས་འཆར་འགོད་བྱེད་རྒྱུ་རེད། མི་རིགས་ས་ཁུལ་གྱི་ཚོད་ལྟའི་གྲོང་ཁྱེར་གྱིས་གཞུང་གཉེར་སྨན་ཁང་བཅོས་སྒྱུར་གྱི་སྤྱིའི་རེ་བ་ལྟར། གཞུང་གཉེར་སྨན་ཁང་གི་གྲུབ་སྟངས་དང་སྒྲིག་སྟངས་ལེགས་སྒྲིག་བྱེད་པའི་བྱ་བ་སྒྲུབ་སྐབས། སྲིད་གཞུང་གིས་བཙུགས་པའི་མི་རིགས་སྨན་ཁང་དེ་གཞུང་གཉེར་སྨན་ཁང་གི་གྲུབ་ཆ་གཙོ་བོར་རྩིས་ཏེ་དེའི་གྲས་སུ་འགོད་རྒྱུ་དང་། ཞིང་ཆེན་རིམ་པའི་འཕྲོད་སྟེན་དང་མི་རིགས་སྨན་བཅོས་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཆོག་མཆན་མ་བཀོད་པའི་མི་རིགས་སྨན་ཁང་མི་གཏོར་བ་དང་། མཉམ་བསྲེས་མི་བྱེད་པ། དེའི་ངོ་བོ་སྒྱུར་མི་སྲིད། མི་རིགས་སྨན་བཅོས་ལས་ཁུངས་བཙུགས་མེད་པའི་མི་རིགས་ས་ཁུལ་དུ། རིམ་པ་ཁག་གི་འཕྲོད་སྟེན་དང་མི་རིགས་སྨན་བཅོས་སྲིད་འཛིན་དོ་དམ་སྡེ་ཁག་གིས་སྨན་བཅོས་ལས་ཁུངས་འཛུགས་པའི་འཆར་འགོད་དང་ས་དེའི་གནས་ཚུལ་ངོ་མ་ལྟར། མི་རིགས་སྨན་ཁང་དང་ཡང་ན་མི་རིགས་སྒོ་བསྟེན་སྨན་ཁང་འཛུགས་པར་མཐུན་རྐྱེན་སྐྲུན་དགོས།
 རྨང་གཞའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཕྱོགས་ནས། ཀྲུང་དབྱང་གིས་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ། འཆར་གཞི་ཡོད་པའི་སྒོ་ནས་ད་ལྟའི་སྲིད་གཞུང་གིས་བཙུགས་པའི་མི་རིགས་གསོ་རིགས་སྨན་ཁང་གི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་གཙིགས་སུ་བཟུང་སྟེ། སྨན་བཅོས་ཆ་རྐྱེན་ངེས་པ་དོན་གྱིས་ཇེ་བཟང་དུ་གཏོང་རྒྱུ་དེ་རེད། གཞན་ད་དུང་ས་གནས་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་ཅི་ལིན་ཞིང་ཆེན་ཡན་པེན་ཁྲའོ་ཞན་ལུགས་ཀྱི་སྨན་ཁང་འཛུགས་སྐྲུན་བྱེད་པ་དང་། སི་ཁྲོན་ཞིང་ཆེན་བོད་ལུགས་སྨན་ཁང་འཛུགས་པར་ཤུགས་སྣོན་རྒྱུ་རེད།
  • ལེ་ཚན་སྔོན་མ།:ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་རང་རྒྱལ་གྱི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་རྒྱུན་སྲིད་ངང་མགྱོ གས་མྱུར
  • ལེ་ཚན་རྗེས་མ།:ཞིན་ཧྭ་གསར་འགྱུར་ཁང་གིས2010ལོའི་རྒྱལ་ནང་གསར་འགྱུར་ཆེན་པོ་བཅུ་དཔྱད་འདེམས་བྱས།
  • དོ་སྣང་ཆེ་བའི་རྩོམ།