ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་རང་རྒྱལ་གྱི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་རྒྱུན་སྲིད་ངང་མགྱོ གས་མྱུར་དུ་འཕེལ་རྒྱས་བྱུང་ཡོད།

ལྷ་འཛོམས་ཀྱིས        2011-01-04

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ12པའི་ཚེས22ཉིན་འབྱོར་བའི་གཏམ་གསར།རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཅིན་གྱིས་བསྟན་དོན།ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ལག་བསྟར་བྱས་པ་ནས་བཟུང་།རང་རྒྱལ་གྱི་མི་རིགས་ས་ཁུལ་གྱི་ས་ཁོངས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་ནོར་སྲིད་ཡོང་འབབ་ལོ་རེར་ཆ་སྙོམས་སུ་གྲངས་གནས་གཉིས་ཀྱི་མྱུར་ཚད་འཕར་སྣོན་ཡོང་བས་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་བའི་མྱུར་ཚད་ལས་མཐོ་ཞིང་།ཕྱོགས་བསྡུས་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཆེར་འཕར་ཡོད།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་གོང་ཚེས་ཉིན་དབྱང་ཅིན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་ཉེ་བའི་ལོ་ཤས་རིང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་ཚུལ་སྐོར་ལ་སྙན་སེང་ཞུས་པ་རེད།།
     2009ལོར་མི་རིགས་ཀྱི་ཞིང་ཆེན་དང་ལྗོངས།ས་ཁུལ་བཅས8ཡི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར34619ཐོག་ཟིན་པས།ཆ་སྙོམས་ལོ་རེར་བརྒྱ་ཆ13.1འཕར་བ་དང་ཆ་སྙོམས་མི་རེའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར18014ཐོག་སླེབས་ཤིང་།རྒྱལ་ཡོངས་ཀྱི་བསྡུར་ཚད་བཟུང་ཚད་དེ2005ལོ་ལས་བརྒྱ་ཆའི་གྲངས་ཀ5.1ཐོག་མཐོར་འདེགས་བྱུང་ཡོད།གྲོང་རྡལ་སྡོད་དམངས་ཀྱི་ཆ་སྙོམས་མི་རེའི་རང་གི་བཀོལ་སྤྱོད་འོས་པའི་ཡོང་འབབ་སྒོར14070ཡོད་པ་དང་ཞིང་པའི་ཆ་སྙོམས་མི་རེའི་ཡོང་འབབ་ཁེ་གཙང་སྒོར393ཐོག་སླེབས་པས།ཁག་དབྱེ་ནས2005ལོ་ལས་སྒོར5328དང་སྒོར1654ཐོག་སླེབས་ཡོད།ནང་སོག་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཕར་སྣོན་མྱུར་ཚད2002ལོ་ནས་བཟུང་བསྟུན་མར་ལོ་བརྒྱད་ལ་རྒྱལ་ཡོངས་ཀྱི་ཨང་དང་པོ་སྲུང་འཛིན་ཐུབ་ཡོད།ཞིན་ཅང་གི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཐོན་ཚད་ཁག་དབྱེ་ནས་རྒྱལ་ཡོངས་ཀྱི་ཨང་གསུམ་པ་དང་ཨང་དང་པོའི་གྲས་སུ་སླེབས་པར་མ་ཚད།ད་དུང་ སྲིན་བལ་ཐོན་ཚད་ཀྱང་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར། ནང་སོག་གི་འོ་ལས་དང་བལ་བཏགས་དངོས་རྫས་ཀྱི་ཐོན་ཚད་ལོ་མང་རིང་ལ་རྒྱལ་ཡོངས་ཀྱི་ཨང་དང་པོར་བརྟན་པོ་སྲུང་འཛིན་ཐུབ་པ་དང་སྦྲགས།རང་རྒྱལ་གྱི་གལ་ཆེའི་སོལ་གློག་ནུས་ཁུངས་རྟེན་གཞིར་གྱུར་པ། ཀོང་ཞི་ནི་རང་རྒྱལ་གྱི་བུ་རམ་དང་སྲིན་གོང་ཐོན་སྐྱེད།ཕྱོགས་བསྡུས་བེད་སྤྱོད་རྟེན་གཞི་ཆེས་ཆེ་ཤོས་ཡིན་པས།མངར་ཆ་ཐོན་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆ60ཟིན་ཞིང་།དར་སྐུད་ཐོན་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆ30ཟིན་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར།ཡུན་ནན་གྱི་མེ་ཏོག་ཐོན་ལས་རིན་ཐང་བསྡོམས་པས་སྒོར་དུང་ཕྱུར200ལྷག་ཙམ་ཐོག་སླེབས་ཤིང་།ཕྱི་དངུལ་ཨ་སྒོར་དུང་ཕྱུར1ཡས་ཆད་བསྒྲུབས་ཏེ་ཡ་གླིང་མེ་ཏོག་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་གྱུར།མཚོ་སྔོན་ཡང་རྒྱལ་ཡོངས་སུ་ཅཱ་ལུད་ཐོན་སྐྱེད་རྟེན་གཞི་ཆེ་གྲས་སུ་གྱུར།ཀོང་ཞི་དང་ཀུའེ་ཀྲོའུ།ཉིང་ཞ་བཅས་རང་རྒྱལ་གྱི་ཧ་ཡང་ཐོན་ལས་གལ་ཆེན་གྱི་ཞིང་ཆེན་དུ་གྱུར།ལྗོངས་རྒྱུ་ཐོན་ལས་དེ་བོད་ལྗོངས་དང་ཡུན་ནན།ཞིན་ཅང་།ཀོང་ཞི་སོགས་ཞིང་ཆེན་དང་ལྗོངས་ཀྱི་ཀ་སྐྱོར་ལྟ་བུའི་ཐོན་ལས་སུ་གྱུར།
  • ལེ་ཚན་སྔོན་མ།:རང་རེའི་ཞིང་ཆེན་གྱིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཐོབ་ཐང་ལག་ཁྱེར་གནང་བའི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་ལྔས་གཞུང་གཉེར་སྨན་ཁང་བཅོས་སྒྱུར་བྱེད་སྐབས་མི་རིགས་ས
  • དོ་སྣང་ཆེ་བའི་རྩོམ།