ཞིན་ཧྭ་གསར་འགྱུར་ཁང་གིས2010ལོའི་རྒྱལ་ནང་གསར་འགྱུར་ཆེན་པོ་བཅུ་དཔྱད་འདེམས་བྱས།(3)

        2011-01-06


སྐབས་བཅུ་དྲུག་པའི་ཡ་གླིང་འགྲན་ཚོགས་དེ་ཟླ་བ11པའི་ཚེས12ནས27བར་ཀོང་ཀྲུའུ་རུ་འཚོགས་པ་རེད།   ཡ་གླིང་གི་རྒྱལ་ཁབ་དང་ས་ཁུལ45ནས་ཡོང་བའི་ལུས་རྩལ་བ་ཁྲི་ལྷག་གིས་འཛམ་གླིང་ཟིན་ཐོ3དང་།   ཡ་གླིང་གི་ཟིན་ཐོ15།  ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ27བཅས་ཀྱི་བསྐྱར་གསར་འགོད་པ་རེད།   རྒྱལ་ཁབ་དང་ས་ཁུལ29ཡིས་ཡ་གླིང་འགྲན་ཚོགས་གསེར་གྱི་རྟགས་མ་རག་པ་དང་།  རྒྱལ་ཁབ་དང་ས་ཁུལ36གིས་ཡ་གླིང་འགྲན་ཚོགས་ཀྱི་བྱ་དགའ་ཐོབ་པ་རེད།    ཀྲུང་གོའི་ལུས་རྩལ་འཐུས་ཚབ་རུ་ཁག་གིས་གསེར་རྟགས199ཐོབ་པ་དང་།  བྱ་དགའི་རྟགས་མ416ཐོབ་ཡོད་པས་སྐབས་བསྟུད་མ་བརྒྱད་ཡ་གླིང་འགྲན་ཚོགས་གསེར་རྟགས་མིང་བྱང་གི་ཨང་དང་པོར་གནས་པ་རེད།
སྟེང་གི་པར་འདི་ནི་ཡ་གླིང་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོ་དེ་འགོ་ཚུགས་མཛད་སྒོའི་ཐོག་གི་རིག་རྩལ་འཁྲབ་སྟོན་《བསྐྱོད་འགོ་ཚུགས་པ》ཞེས་པའི་ནང་དུ་ཡར་འཕར་བའི་ཚུལ་རེད།
འོག་གི་པར་འདི་ནི2010ལོའི་ཀོང་ཀྲུའུ་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཚོན་ཁྲའི་ཤོག་སྦག་གི་སྟོན་མོ་རེད།
བརྒྱད།   གནམ་ཆུ་ཨང་རྟགས་དང་པོ་འཛམ་གླིང་ཐོག་ཆེས་མྱུར་བའི་རྩིས་འཕྲུལ་དུ་གྱུར།
རྒྱལ་སྤྱིའི་རིམ་འདས་རྩིས་འཕྲུལ་TOP500རྩ་འཛུགས་ཀྱིས་སྐབས36པའི་འཛམ་གླིང་རིམ་འདས་རྩིས་འཕྲུལ་ཆེ་གྲས500ཡི་རིམ་བསྒྲིགས་པང་ཡིག་ཁྱབ་བསྒྲགས་དངོས་སུ་བྱེད་པ་རེད།  རྒྱལ་ཁབ་ཀྱི་རིམ་འདས་རྩིས་རྒྱག་ཐན་ཅིང་ལྟེ་གནས་སུ་སྒྲིག་སྦྱོར་བྱེད་ཡོད་པའི་གནམ་ཆུ་ཨང་རྟགས་དང་པོའི་མིང་ཅན་གྱི་རིམ་འདས་རྩིས་འཕྲུལ་མ་ལག་དེས་ཆེས་མགྱོགས་མྱུར་ཚད་སྐར་ཆ་རེར་ཐེངས་གྲངས་དུང་ཕྱུར་ཁྲི4700དང་རྒྱུན་གནས་མྱུར་ཚད་སྐར་ཆ་རེར་ཐེངས་གྲངས་དུང་ཕྱུར་ཁྲི2566གི་འཕར་གནས་རྩིས་རྒྱག་ཐུབ་པའི་ཕུལ་བྱུང་གི་ནུས་པ་ལྡན་པས་འཛམ་གླིང་གི་ཨང་དང་པོའི་གྲས་འགོ་བླངས་པ་རེད།
འདི་ནི་རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཐན་ཅིང་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་པ་རྣམས་ཀྱིས་ལྷུ་སྒྲིག་བྱས་ཟིན་པའི་གནམ་ཆུ་ཨང་རྟགས་དང་པོའི་རྩིས་འཕྲུལ་ལ་ཞིབ་བཤེར་བྱེད་བཞིན་ཡོད།
  • ལེ་ཚན་སྔོན་མ།:རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་ལྔས་གཞུང་གཉེར་སྨན་ཁང་བཅོས་སྒྱུར་བྱེད་སྐབས་མི་རིགས་ས
  • ལེ་ཚན་རྗེས་མ།:ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་ཁངས་བབས་པ་དང་ཟི་ལིང་ས་ཁུལ་ལའང་ཚེས་དགུ་ཉིན་གྱི་ཕྱི་དྲོ་ནས་བཟུང་ཁངས་འབབ་
  • དོ་སྣང་ཆེ་བའི་རྩོམ།