ཞིན་ཧྭ་གསར་འགྱུར་ཁང་གིས2010ལོའི་རྒྱལ་ནང་གསར་འགྱུར་ཆེན་པོ་བཅུ་དཔྱད་འདེམས་བྱས།(2)

        2011-01-06


ཧྲན་ཀྲིན་དཔལ་འབྱོར་དམིགས་བསལ་ས་ཁུལ་བཙུགས་ནས་ལོ་ངོ30འཁོར་བའི་དགའ་སྟོན་ཚོགས་ཆེན་ཟླ་བ9པའི་ཚེས6ཉིན་འཚོགས་པ་རེད།  བྱེད་ཐབས་འདི་ནི་ཏང་དང་རྒྱལ་ཁབ་ཀྱིས་རང་རྒྱལ་གྱི་བཅོས་བསྒྱུར་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བའི་ཆེད་དུ་བཀོད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན།   སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་དགའ་སྟོན་ཚོགས་ཆེན་དུ་བསྟན་དོན།   ཧྲན་ཀྲིན་སོགས་དམིགས་བསལ་དཔལ་འབྱོར་ས་ཁུལ་གྱི་འཕེལ་རྒྱལ་གྲུབ་འབྲས་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གནས་བབ་ལེགས་པའི་རང་བཞིན་མཚོན་པའི་དཔང་རྟགས་ནུས་ལྡན་ཞིག་ཡིན།   ཀྲུང་དབྱང་གིས་མུ་མཐུད་དེ་དཔལ་འབྱོར་དམིགས་བསལ་ས་ཁུལ་གྱིས་སྙིང་ཆེན་པོས་འཚོལ་ཞིབ་བྱེད་པ་དང་།  སྔོན་དུ་འགྲོ་ཞིང་སྔོན་དུ་ཚོད་ལྟ་བྱེད་པ།   ནུས་པ་འདོན་པ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། 
ལྔ།   ཡུལ་ཤུལ་ས་འགུལ་དང་འབྲུག་ཆུའི་འདམ་རྡོ་ཆུ་རུད་ཀྱི་གནོད་སྐྱོན་ལས་རྒྱལ་ཁ་ཐོབ་ཡོད།
2010ལོར་རང་རྒྱལ་དུ་ས་འགུལ་དང་ཆུ་ལོག   ཐན་སྐྱོན།  རྒྱ་མཚོའི་རླུང་འཚུབ།   འདམ་རྡོ་ཆུ་རུད་སོགས་རྒྱུན་ལྡན་མིན་པའི་རང་བྱུང་གི་གནོད་འཚེ་ཧ་ཅང་ཆེ་བས་མི་སྲོག་དང་རྒྱུ་ནོར་ལ་གྱོང་ཆེན་ཐེབས་པ་རེད།   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།   ཀྲུང་དབྱང་དམག་ཨུ་བཅས་ཀྱི་སྲ་བརྟན་གྱི་འགོ་ཁྲིད་འོག་ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་དམངས་ཁག་གིས་མཐུན་སྒྲིལ་འབད་འཐབ་དང།   བློ་བརྟན་འགྱུར་མེད་ཀྱིས་བརྩོན་ལེན་བྱས་པ་ལས་གནོད་འགོག་གནོད་སྐྱོབ་ཀྱི་རྒྱལ་ཁ་རླབས་ཆེན་བླངས་ཏེ་ཀྲུང་གོའི་གནོད་འགོག་གནོད་འཕྲིའི་ལོ་རྒྱུས་ཐོག་ལེའུ་གསར་པ་ཞིག་བརྩམས་པ་རེད།
དྲུག   ཏང་གི་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཕེལ་རྒྱས་འཆར་གཞི་བཀོད་པ།
ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ2010ལོའི་ཟླ་བ10པའི་ཚེས15ནས18བར་པེ་ཅིན་དུ་འཚོགས་པ་རེད།  མ་འོངས་པའི་ལོ་ལྔའི་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཡུལ་གཙོ་བོ་ནི་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་མགྱོགས་ཙམ་ཡོང་བ་དང་།   འཐབ་ཇུས་རང་བཞིན་ལྡན་པའི་དཔལ་འབྱོར་སྒྲིག་བཀོད་ལ་གོང་འཕེལ་ཆེན་པོ་ཡོང་ཞིང་།
གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་ཡོང་སྒོ་སྤྱི་ཁྱབ་ཀྱི་ཐོག་འཕར་སྣོན་མགྱོགས་ཙམ་ཡོང་བ།   སྤྱི་ཚོགས་འཛུགས་སྐྲུན་ཤུགས་སྣོན་མངོན་གསལ་དུ་ཕྱིན་པ།   བཅོས་བསྒྱུར་སྒོ་དབྱེ་རྒྱུན་མཐུད་དེ་གཏིང་ཟབ་ཏུ་སོང་བ་བཅས་ཡིན་པ་རེད།
བདུན།  ཀོང་ཀྲུའུ་ཡ་གླིང་འགྲན་ཚོགས་དང་ཡ་གླིང་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་འཚོགས་ནས་ལེགས་འགྲུབ་བྱུང་ཡོད།
  • ལེ་ཚན་སྔོན་མ།:རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་ལྔས་གཞུང་གཉེར་སྨན་ཁང་བཅོས་སྒྱུར་བྱེད་སྐབས་མི་རིགས་ས
  • ལེ་ཚན་རྗེས་མ།:ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་ཁངས་བབས་པ་དང་ཟི་ལིང་ས་ཁུལ་ལའང་ཚེས་དགུ་ཉིན་གྱི་ཕྱི་དྲོ་ནས་བཟུང་ཁངས་འབབ་
  • དོ་སྣང་ཆེ་བའི་རྩོམ།