བོད་སྐད་གློག་བརྙན《བཀྲ་ཤིས》ལ་བྱ་དགའི་མིང་འདོན་གཉིས་ཐོབ་འདུག

    མི་དམངས་དྲ་བ་ནས་དྲངས།    2025-09-28

སྐབས་38པའི་ཀྲུང་གོའི་གློག་བརྙན་གསེར་བྱ་བྱ་དགའི་མིང་འདོན་གྱི་སྤྱི་བསྒྲགས་མིང་ཐོ་གཞིར་བཟུང་། པདྨ་ཚེ་བརྟན་གྱིས་ལྟ་སྐུལ་དང་དར་རྒྱས་བསྟན་འཛིན་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་གློག་བརྙན《བཀྲ་ཤིས》ཞེས་པར་སྐབས་འདིའི་གསེར་བྱ་བྱ་དགའི་འཁྲབ་ཁྲིད་པ་ཡག་ཤོས་ཀྱི་བརྩམས་ཆོས་ཐོག་མ་དང་བྱིས་པའི་གློག་བརྙན་ཡག་ཤོས་ཀྱི་མིང་འདོན་ཐོབ་ཡོད།


བོད་སྐད་གློག་བརྙན《བཀྲ་ཤིས》ལ་བྱ་དགའི་མིང་འདོན་གཉིས་ཐོབ་འདུག


     བོད་སྐད་གློག་བརྙན《བཀྲ་ཤིས》ཞེས་པའི་ནང་དུ། མི་སྣ་གཙོ་བོ་སྟེ་རྩོམ་པ་པོ་བཀྲ་ཤིས་ཀྱིས་ཆུང་བྱིས་པའི་དུས་སུ་རང་ཉིད་དང་མིང་གཅིག་མཚུངས་ཀྱི་ཁྱི་རྒན་ཞིག་ལ་བརྡུངས་ནས་དེ་ཞར་བ་བྱས་སྟབས་ལོ་མང་རིང་འགྱོད་པ་སྐྱེས། ཕྱིས་སུ་ཁོང་སླར་ཡང་ཕ་ཡུལ་དུ་ལོག་རྗེས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ངོ་མ་ཤེས་རྟོགས་བྱུང་བའི་གཏམ་རྒྱུད་བརྗོད་ཡོད་པ་རེད།


བོད་སྐད་གློག་བརྙན《བཀྲ་ཤིས》ལ་བྱ་དགའི་མིང་འདོན་གཉིས་ཐོབ་འདུག


     འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གསེར་བྱ་བྱ་དགའི་མིང་འདོན་ཐོབ་པ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་རེད། རྒྱལ་ནང་གི་སྐད་གྲགས་ཆེ་ཤོས་དང་རིན་ཐང་ཆེ་ཤོས་ཀྱི་གློག་བརྙན་དུས་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས། ཁས་ལེན་འདི་འདྲ་ཐོབ་པར་ངས་ལྡབ་ཀྱིས་གཅེས་སྤྲས་ཆེ་བྱ་རྒྱུ་ཡིན་བཤད་པ་རེད། 


  • ལེ་ཚན་སྔོན་མ།:ལྷ་སར་མཁའ་ལམ་གསར་པ་ཞིག་ཤར་གཏོང་བྱ་རྒྱུ་རེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།