2025-09-25
དཀར་མཛེས་ཁུལ་ལྕགས་ཟམ་ཁའི“9•5”ས་འགུལ་གྱི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས།
སྤྱི་ཟླ9པའི་ཚེས22ཉིན། དཀར་མཛེས་ཁུལ་ལྕགས་ཟམ་ཁའི“9•5”ས་འགུལ་གྱི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་བསྐྱར་སྐྲུན་ཨུ་ལྷན་བཅས་ཀྱི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་། ལྕགས་ཟམ་ཁའི“9•5”ས་འགུལ་གྱི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འབྲེལ་ཡོད་ལས་ཀའི་སྙན་སེང་ལ་ཉན་པ་དང་དུས་རིམ་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་བསྐྱར་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཁུལ་བསྐྱར་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་བསྐྱར་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡུས་ཆུང་ཚོགས་འདུར་ཞུགས།
ཚོགས་འདུར་བསྟན་དོན། ལྕགས་ཟམ་ཁའི“9•5”ས་འགུལ་གནོད་རྗེས་སླར་གསོ་བསྐྱར་སྐྲུན་བྱས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་དང་། ཞིང་ཆེན་ཐད་གཏོགས་སྡེ་ཚན་དང་སྤྱི་ཚོགས་ལས་རིགས་ཁག་གི་སེམས་ཁུར་དང་རྒྱབ་སྐྱོར་འོག། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གནོད་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་འཐབ་དང་བློ་བརྟན་འགྱུར་མེད་འོག་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་ཉེར་ཡོད། རིམ་ཁག་སྡེ་ཚན་ཁག་གིས“གནོད་ཁུལ་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོ་བའི་དཔེ་མཚོན་ཞིག་ཏུ་འཛུགས་སྐྲུན་བྱ་དགོས”པའི་བླང་བྱ་གཞིར་བཟུང་ནས་དམིགས་ཚད་དང་ལས་འགན་གཏན་ཁེལ་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ་སེམས་ཤུགས་གཅིག་སྒྲིལ་གྱིས་གནོད་རྗེས་སླར་བསྐྱར་སྐྲུན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པར་སྐུལ་འདེད་བཏང་།
ཚོགས་འདུར་ནན་གྱིས་བསྟན་དོན། ལས་གཞིའི་མཇུག་བསྡུའི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏང་དགོས། ལེགས་གྲུབ་ཟིན་པའི་ལས་གཞིར་ཞིབ་བཤེར་རྩིས་ལེན་སྒྲིག་འཛུགས་དམ་འཛིན་དང་། ལེགས་གྲུབ་མ་བྱུང་བའི་ལས་གཞིའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ནན་ཏན་བྱས་ནས་དཀའ་གནད་སྣ་ཚོགས་ཀྱི་གནད་དོན་གནད་ལ་འཁེལ་བའི་སྒོ་ནས་ཐག་གཅོད་བྱས་ཏེ། ཉེན་མེད་དང་སྤུས་ཚད། ཁོར་ཡུག་སྲུང་སྐྱོང་བཅས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་གཞི་ཚང་མ་ལེགས་གྲུབ་ཡོང་བར་འགན་ལེན་བྱ་དགོས། གནོད་ཁུལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། ཐོན་ལས་བསྐྱར་སྐྲུན་མངོན་གསལ་དོད་པའི་གནས་སུ་འཇོག་རྒྱུ་མཐའ་འཁྱོངས་ནས“གངས་དཀར་རི་བོའི”ཡུལ་སྐོར་མུ་ཁྱུད་དང་དགེ་མཚན་ལྡན་པའི་ཐོན་ཁུངས། ཁྱད་ལྡན་ཞིང་ལས། ཚོང་དོན་ཟོང་འགྲུལ་སོགས་ཀྱི་ཐད་ལ་དམིགས་ནས། གནོད་ཁུལ་གྱི“ཟུངས་ཁྲག་ནུས་པ”ཆེ་རུ་གཏོང་བའི་ལས་གཞི་ལེགས་པོ་ཁག་ཅིག་འཆར་འགོད་ལག་ལེན་བསྟར་ནས། གནོད་ཐེབས་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་དང་བརྟན་བརླིང་ངང་འཕར་རྒྱུར་སྐུལ་ཁྲིད་བྱས་ཏེ། སླར་གསོ་བསྐྱར་སྐྲུན་དང་འཕེལ་རྒྱས་མཐོར་འདེགས་ཟུང་འབྲེལ་ཐུབ་པ་བྱ་དགོས། དུས་དང་རྣམ་པ་ཀུན་ཏུ་དམངས་ཇུས་དམངས་འཚོར་དོ་ཁུར་བྱ་དགོས། “གཞི་རིམ་བཞི་འབབ”ལས་ཀའི་བླང་བྱ་དོན་ལ་འཁྱོལ་བར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་བསྐྱོད་པའི་ལག་ལེན་བྱ་སྤྱོད་སྤེལ་རྒྱུ་གཞི་འཛིན་སར་བྱས་ཏེ། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་གནོད་ཁུལ་མང་ཚོགས་ཀྱི་འཚོ་བ། སྨན་བཅོས། སློབ་གསོ། ལས་ཞུགས་སོགས་ཀྱི་ཐད་ཡོད་པའི་དགོས་མཁོ་དངོས་ལ་དོ་ཁུར་དང་། གནོད་འཚེ་དང་འབྲེལ་བའི་རེ་འདུན་སྣ་ཚོགས་ཁྲིམས་ལྟར་ཐག་གཅོད་ཡག་པོ་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས། གནོད་རྗེས་བསྐྱར་སྐྲུན་གྱི་གནད་དོན་སྣ་ཚོགས་བཅོས་སྒྲིག་དམ་འཛིན་ཡག་པོ་བྱ་དགོས། རྩིས་བཤེར་ཕྱིར་སློག་གནད་དོན་བཅོས་སྒྲིག་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྗེས་འདེད་རྩིས་བཤེར་གྱི་ལས་དོན་ཡག་པོར་བསྒྲུབས་ནས་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་ལས་ལ་ཤུགས་སྣོན་དང་། རང་འགུལ་གཞོགས་འདེགས། ཚད་མཐོའི་འགན་འཁུར་རྣམ་འགྱུར་དང་དངོས་སྒྲུབ་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་གནད་དོན་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ། གནོད་རྗེས་བསྐྱར་སྐྲུན་སླར་གསོ་ལས་དོན་གྱིས་ཞིབ་བཤེར་ཐེག་ཐུབ་པར་འགན་ལེན་བྱ་དགོས།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འབྲེལ་ཡོད་རྫོང(གྲོང་ཁྱེར་དང་ཨུ་ལྷན)ནས་འཚོགས་པ་རེད། ཁུལ་བསྐྱར་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན། ཁོངས་མི་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས།།
ལོ་ཙཱ། རྟ་མགྲིན་རྡོ་རྗེ། རྩོམ་སྒྲིག་པ། རྟ་མེ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10