ཁུལ་བཙུགས་ནས་ལོ75འཁོར་བར་པར་ལེན་བརྩམས་ཆོས་འགྲེམ་སྟོན་བྱས།

        2025-09-25

     སྤྱི་ཟླ9པའི་ཚེས22ཉིན། དཀར་མཛེས་ཁུལ་གྱི་ལོ་ངོ་དོན་ལྔ་འོད་སྟོང་རབ་ཏུ་འཕྲོས། པར་ལེན་ལམ་ནས་བློ་སེམས་གཅིག་ཏུ་སྒྲིལ་ཞེས་པའི་མི་རིགས་མཐུན་སྒྲིལ་གཙོ་དོན་བྱས་པའི་པར་ལེན་བརྩམས་ཆོས་འགྲེམ་སྟོན་ཁུལ་རིག་གནས་ཁང་ནས་འགོ་བཙུགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཡིའུ་ཞང་ཧྥེ་བཅས་འགྲེམ་སྟོན་དུ་ཞུགས་ཤིང་ལྟ་སྐོར་བྱས།     

     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་པར་ལེན་བརྩམས་ཆོས་འགྲེམ་སྟོན་དེ་ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན་དང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཁུལ་རིག་གནས་ཁང་དང་ཁུལ་པར་ལེན་མཐུན་ཚོགས་ཀྱིས་རོགས་གཉེར་བྱས་ནས་སྤྱི་ཟླ9པའི་ཚེས24ཉིན་བར་གཉེར་བཞིན་ཡོད་པ་རེད། འགྲེམ་སྟོན་ནང་ཁྱོན་པར་ལེན་བརྩམས་ཆོས400ལྷག་བསྡུས་པ་དང་། ཆེད་ལས་དཔྱད་ཞིབ་ཚོགས་པས་གདམ་གསེས་ནན་པོ་བྱས་པ་བརྒྱུད་མཐར་བརྩམས་ཆོས56འགྲེམ་སྟོན་བྱས་ཡོད། བརྩམས་ཆོས་དེ་དག་གི་བརྗོད་བྱ་ཕུན་སུམ་ཚོགས་ལ། དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་རྒྱུན་གཏན་འཚོ་བ་དང་སྲོལ་རྒྱུན་དུས་ཆེན། རིག་གནས་བརྒྱུད་འཛིན། དཔལ་འབྱོར་འཕེལ་རྒྱས་བཅས་དང་དེ་བཞིན་རང་བྱུང་མཛེས་ལྗོངས་སོགས་ཕྱོགས་མང་པོ་ཚུད་ཡོད་པ་དང་། ཟུར་ཚད་མི་འདྲ་བའི་ཐོག་ནས་དཀར་མཛེས་ཁུལ་བཙུགས་ནས་ལོ75རིང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་བའི་འོད་སྟོང་འབར་བའི་གྲུབ་འབྲས་གསོན་ཉམས་ལྡན་པའི་ངང་མངོན་ཡོད།

     ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཝུའེ་ཡིས་པར་ལེན་འགྲེམ་སྟོན་འདི་དཀར་མཛེས་ཁུལ་བཙུགས་ནས་ལོ75འཁོར་བ་དང་དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བ་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་དཀར་མཛེས་ཁུལ་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་མོ་ཐོ་འགོད་དང་འགྲེམ་སྟོན་བྱས་པ་ཡིན་ཟེར།     ལྟ་སྐོར་ལ་ཡོང་མཁན་གཡང་འཛོམས་ཀྱིས་ད་ཐེངས་ཀྱི་པར་ལེན་འགྲེམ་སྟོན་ནི་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་པར་མ་ཟད་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དེ་བས་ཀྱང་རེད། པར་ལེན་བརྩམས་ཆོས་དེ་དག་བརྒྱུད་ང་ཚོས་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་རིག་གནས་ཁྱད་ཆོས་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་སྔར་བས་ཤེས་རྟོགས་གཏིང་ཟབ་ཐུབ་ལ། མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་མོའི་ཚོར་བ་མྱོང་དུ་བཅུག་བྱུང་ཟེར།

     ལོ་ངོ་དོན་ལྔ་འོད་སྟོང་རབ་ཏུ་འཕྲོས།། པར་ལེན་ལམ་ནས་བློ་སེམས་གཅིག་ཏུ་སྒྲིལ་ཞེས་པའི་མི་རིགས་མཐུན་སྒྲིལ་གཙོ་དོན་བྱས་པའི་པར་ལེན་བརྩམས་ཆོས་འགྲེམ་སྟོན་བྱས་པ་འདི། དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཡུར་ཟའི་གྲུབ་འབྲས་མངོན་པར་མ་ཟད་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་དང་དར་སྤེལ་གཏོང་བ་དང་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཆེད་སྟེགས་བུ་ཞིག་ཀྱང་མཁོ་འདོན་བྱས་པ་དེའོ།།         

ལོ་ཙཱ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་དུ་ལས་ཞུགས་རོགས་རམ་གྱི་བྱེད་སྒོ་འདི་འདྲ་སྤེལ་འདུག།
  • ལེ་ཚན་རྗེས་མ།:ལྕགས་ཟམ་ཁའི“9•5”ས་འགུལ་གནོད་རྗེས་བསྐྱར་སྐྲུན་གྱི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།