མི་དམངས་དྲ་བ་ནས་དྲངས། 2025-09-28
གསར་འགོད་པས་ཞི་ཁྲང་ཆིང་ཧྲན་གནམ་ཐང་ནས་ཤེས་རྟོགས་བྱུང་བར།
ཟླ་10ཚེས་28ཉིན་ལྷ་ས་—ཞི་ཁྲང་—ཧང་ཀྲོའུ་བར་གྱི་མཁའ་ལམ་གསར་པ་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་པ་རེད།
མཁའ་ལམ་དེ་ནི་བོད་ལྗོངས་མཁའ་འགྲུལ་ཀུང་སིས་གཉེར་རྒྱུ་དང་།
གཟའ་འཁོར་རེའི་གཟའ་མིག་དམར་དང་། ཕུར་བུ། སྤེན་པ་བཅས་ལ་གནམ་གྲུ་ཐེངས་རེ་འཕུར་རྒྱུ་ཡིན་པ་རེད།
མཁའ་ལམ་དེ་ཧང་ཀྲོའུ་ནས་ལྷ་སར་བསྐྱོད་པར་ཧང་ཀྲོའུ་ནས་10:00འཕུར་ཏེ་ཞི་ཁྲང་དུ་13:25ཐོག་འབྱོར་རྒྱུ། དེ་ནས་ཞི་ཁྲང་ནས་14:05ཐོག་འཕུར་ཏེ་མཐར་ལྷ་སར་16:10ཐོག་འབྱོར་རྒྱུ་ཡིན་པ་རེད།
ལྷ་ས་ནས་ཧང་ཀྲོའུ་ལ་བསྐྱོད་པར་ལྷ་ས་ནས་ཆུ་ཚོད་13:20འཕུར་ཏེ་ཞི་ཁྲང་དུ་15:20ཐོག་འབྱོར་རྒྱུ་དང་། ཞི་ཁྲང་ནས་16:00ཐོག་འཕུར་ཏེ་ཧང་ཀྲོའུ་རུ་18:50ཐོག་འབྱོར་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10