བོད་ལྗོངས་འཕྲིན་དྲ། 2018-06-05
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5བའི་ཚེས25ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་བཞི་པ་སྟེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནོར་དཔལ་འཕྲིན་ལམ་གྱི་ལས་གཏོད་དཔའ་བོ་ཀུན་བསྡུས་ཞེས་པའི་ལེ་ཚན་གྱི་ཡོངས་ཁྱབ་འདེམས་སྒྲུག་བྱེད་པའི་ལྷ་སའི་ས་ཚིགས་ཀྱི་བྱེད་སྒོ་ལྷོ་རིའི་སྤྱི་གླིང་དུ་སྤེལ་འགོ་ཚུགས་པ་རེད། འགྲན་བསྡུར་ནང་ཞུགས་འདོད་ཡོད་མཁན་ཚོས་དེ་ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་བཞི་པ་སྟེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནོར་དཔལ་འཕྲིན་ལམ་གྱི་ལས་གཏོད་དཔའ་བོ་ཀུན་བསྡུས་འདེམས་སྒྲུག་བྱེད་པའི་ལྷ་སའི་ས་ཚིགས་ཀྱི་གཞུང་ཕྱོགས་དྲ་བ དེའི་ཐོ་འགོད་དྲ་ངོས་བརྒྱུད་སྤྱི་ཟླ6པའི་ཚེས15ཉིན་བར་ཐོ་འགོད་བྱས་ཆོག
ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཡོད་ལ་ཡོངས་ཁྱབས་འདེམས་སྒྲུག་དང་ཐོག་མའི་འགྲན་བསྡུར། བསྐྱར་མའི་འགྲན་བསྡུར། ནང་བཅུག་སྦྱོང་བརྡར་སོགས་བརྒྱུད་མཐར་རྣམ་གྲངས30བདམས་ནས་ལྷ་སའི་ཁུལ་གྱི་འགྲན་བསྡུར་ཐ་མ་དེ་བྱེད་རྒྱུ་རེད། དེའི་ནང་གི་ཕུལ་བྱུང་རྣམ་གྲངས་ཁག་ལེ་ཚན་དེས་སྦྱོང་བརྡར་སྤྲད་རྗེས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལས་གཏོད་དཔའ་བོ་ཀུན་བསྡུས་ཞེས་པའི་གར་སྟེགས་ཐོག་སྐྱོད་ཐུབ་རེ་ཡོད་ལ། རྩེར་སོན་གྱི་མ་དངུལ་འཇོག་མཁན་དང་ངོ་འཕྲད་ཐུབ་རྒྱུ་མ་ཟད་སོ་སའི་རྣམ་གྲངས་ངོམས་ཆོག་ཅིང་རྐང་དབང་མ་དངུལ་ཀྱང་ཐོབ་རྩིས་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10