མཚོ་སྔོན་བོད་སྐད་རླུང་འཕྲིན། 2018-06-05
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་པ་བརྒྱ་རྩ་འཛུགས་བྱས་ཏེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཉིང་རྡུལ་མཁར་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞི་རུ་སོང་ནས་ལྟ་སྐོར་དང་སློབ་སྦྱོང་བྱས་པ་མ་ཟད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས།
བྱ་འགུལ་ཁྲོད། ཚང་མས་ཡུལ་དངོས་ནས་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་སྙན་ཞུ་ཚོགས་པའི་སྒྲོག་འགྲེལ་ལ་ཉན། སྒྲོག་འགྲེལ་སྙན་ཞུའི་ནང་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་དང་བརྗོད་སྙིང་འབུར་ཐོན་བྱས་པ་དང་། ནང་དོན་ཐད་ནས་རླབས་ཆེན་གྱི་ལས་དོན་དང་ཡུན་གཏན་གྱི་སྙིང་སྟོབས། སྤྱི་མཐུན་རྒྱལ་ཁབ་ཀྱི་དུང་ཞེན། གསར་འབྱེད་གསར་གཏོད་དང་ཡར་རྩེར་འཛེག་པ། སྤྱི་མཐུན་རྒྱལ་ཁབ་ཀྱིས་བརྗེད་མི་སྲིད། མི་རིགས་ཀྱི་སྒལ་རུས་བཅས་ལེའུ་ལྔ་རུ་བགོས་ཡོད། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སོ་སོར་འཁྲབ་བཤད་དང་རོལ་མོ། སྙན་ངག རི་མོ། ཡུལ་དངོས་འགྲེལ་བཤད་སོགས་ཀྱི་རྣམ་པ་དང་། བཟོ་ལྗོངས་དང་སྣང་ཚུལ་ཕན་ཚུན་མཉམ་བསྲེས་བྱས་པ་བརྒྱུད་དེ། མཚོ་སྔོན་གྱི་ཉིང་རྡུལ་མཁར་འཛུགས་སྐྲུན་དང་ལོ་རྒྱུས་ཀྱི་འཕེལ་རིམ། གོ་གནས་གྲུབ་འབྲས། ཀྲུང་གོ་གསར་བ་བཙུགས་མ་ཐག་པའི་སྐབས་སུ་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་ལས་དོན་ཐད་རང་སྲོག་བློས་བཏང་བ་དང་བྱས་རྗེས་ཆེན་པོ་བཞག་པའི་ཚན་རིག་ཞིབ་འཇུག་མི་སྣའི་འབད་འཐབ་གཏམ་རྒྱུད་སོགས་ཟུར་སྣེ་མང་པོ་ནས་ཚན་རིག་པ་རྒན་རབས་ཚོ་དང་མིང་མེད་དཔའ་བོ་ཚོའི་མེས་རྒྱལ་ལ་དགའ་ཞེན་དང་སྒེར་མེད་བློས་གཏོང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། ཤུགས་འབུལ་མཉམ་ལས། ཡར་རྩེར་འཛེག་ཕོད་པ་བཅས་ཀྱི་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་གསལ་བོར་མངོན་པར་བྱས་ཡོད། སྙན་ཞུ་ཚོགས་འདུའི་ཡུལ་དངོས་ཀྱི་སྣང་ཚུལ་ཧ་ཅང་བཟང་བ་དང་། མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་དང་གསོན་ཉམས་ལྡན་པའི་བཟོ་ལྗོངས་རེ་རེས་ཚང་མར་སེམས་འགུལ་ཐེབས་སུ་བཅུག
ཁེ་ལས་པ་ཚོས། འདི་ནི་རྒྱལ་གཅེས་རིང་ལུགས་དང་ཕུགས་འདུན་ཡིད་རྟོན་གྱི་སློབ་གསོ་སློབ་ཁྲིད་གལ་ཆེན་ཞིག་ཡིན་ལ། དེས་མི་རིགས་ཀྱི་རང་རྟོན་སེམས་པ་དང་རང་རློམ་སེམས་པ་སྔར་ལས་ཇེ་དྲག་ཏུ་བཏང་ལ། རྗེས་ཕྱོགས་སུ་ལོ་རྒྱུས་ཀྱི་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པ་དང་། ཚན་རིག་པ་རྒན་རབས་ཚོའི་རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོ་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་རང་ཉིད་ཀྱི་བྱས་རྗེས་འཇོག་རྒྱུ་ཡིན་པའི་ཚུལ་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10