རང་རྒྱལ་གྱིས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

    མི་དམངས་དྲ་བ།    2018-06-05

 རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་དང་སྲོག་རྩ་ཡིན་པའི་རང་རྒྱལ་གྱི་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བར་རྩེ་རིམ་གྱི་ཇུས་འགོད་དང་གཞི་རིམ་དུ་ལག་ལེན་བསྟར་ཚུལ་ལ་ཕན་འབྲས་ཡག་པོ་ཐོན་ཡོད།

 གསར་འགོད་པར་ཉེ་ཆར་སྣོད་བཅུད་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བར། 2017ལོའི་ཟླ་2པར་ཀྲུང་དབྱང་གིས་《སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དབྱེ་མཚམས་འབྱེད་པ་དང་འབྲེལ་ནན་སྲུང་སྐོར་གྱི་བསམ་འཆར་འགའ་ཞིག་》ཡོངས་བསྒྲགས་བྱས་ཚུན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། རྒྱལ་ཁབ་ཀྱི་ངོས་ནས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་གི་རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ལག་རྩལ་གྱི་ཚད་གཞི་རབ་དང་རིམ་པ་བཏོན་པ་དང་། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དབྱེ་མཚམས་འབྱེད་རྒྱུ་དང་འབྲེལ་ནན་སྲུང་གི་བྱེད་པོའི་འགན་འཁྲི་དངོས་འབྲེལ་ལག་ལེན་བསྟར་བ་ལས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ལས་དོན་ལ་ཕན་འབྲས་ཡག་པོ་ཐོན་ཡོད།

 པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན(གྲོང་ཁྱེར)3དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན(གྲོང་ཁྱེར)11 ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སོགས་ཞིང་ཆེན་15ཡི་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དབྱེ་འཚམས་འབྱེད་རྒྱུའི་ཇུས་གཞིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་དང་། ཧྲན་ཤིས་སོགས་དེ་མིན་ཞིང་ཆེན་16གི་དབྱེ་མཚམས་འབྱེད་པའི་ཇུས་གཞི་རགས་ཙམ་ཆགས་ཡོད། སྣོད་བཅུད་ཁོར་ཡུག་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་དང་འབྲེལ་ཡོད་ཞིང་ཆེན་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་ཁབ་ཀྱི་རྩེ་རིམ་ཇུས་འགོད་ཀྱིས་མཛུབ་ཁྲིད་དང་ས་གནས་ཀྱིས་སྒྲིག་འཛུགས་དང་གོང་ནས་འོག་དང་འོག་ནས་གོང་བར་ཕན་ཚུན་སྦྲེལ་མཐུད་ཀྱི་བྱ་ཐབས་སྤྱད་དེ་ཚན་རིག་གི་དཔྱད་དཔོག་དང་། སྡེ་ཚན་དབར་མཐུན་སྦྱོར། འཆར་འགོད་མཐུན་སྦྱོར། ཁྱབ་ཁོངས་མཐུན་སྦྱོར། སྐམ་མཚོ་སྤྱི་འདོམས་བཅས་བྱས་པའི་རྨང་གཞིའི་ཐོག་རིགས་གཅིག་མཁས་ཅན་གྱི་རིགས་པས་ཁུངས་སྐྱེལ་དང་པུའུ་དབར་གྱི་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཞིབ་བཤེར་བརྒྱུད་པེ་ཅིང་དང་། ཐེན་ཅིན་། ཧོ་པེ་བཅས་ཞིང་ཆེན(གྲོང་ཁྱེར)3དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན(གྲོང་ཁྱེར)11 ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སོགས་ཞིང་ཆེན་15ཡི་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དབྱེ་འཚམས་འབྱེད་རྒྱུའི་ལས་དོན་ལེགས་གྲུབ་བྱུང་ཡོད།

  རྒྱལ་ཁབ་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ལྟ་སྡོམ་ལས་སྟེགས་འཛུགས་འགོ་ཚུགས་ཤིང་། 2017ལོའི་ཟླ་10པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཁབ་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ལྟ་སྡོམ་ལས་སྟེགས་རྣམ་གྲངས་ལ་དངོས་སུ་མཆན་འགོད་བཀའ་ལན་སྤྲད་དེ་མ་དངུལ་སྒོར་དུང་ཕྱུར་2.86བཏང་བ་དང་། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་1ཙམ་ཡོད་པ་དང་། 2020ལོའི་ལོ་མཇུག་གོང་ཕྱོགས་ཡོངས་ནས་བསྐྲུན་ཟིན་རྒྱུ་རེད། རྒྱལ་ཁབ་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ལྟ་སྡོམ་གྲངས་གཞིའི་མཛོད་ཇུས་འགོད་ལེགས་གྲུབ་ཟིན་ནས་རིགས་4ཡི་ཁག་67གྱི་གྲངས་གཞི་ཕབ་འཇུག་ཟིན་པས་གྲངས་གཞིའི་ཤོང་ཚད་བསྡོམས་འབོར་23.6TBཟིན་ཡོད། གྲུབ་འབྲས་ཁག་གཅིག“ཕུབ་ལྗང་2017”རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་སྐུལ་ཞིབ་བཤེར་ཆེད་དོན་བྱ་སྤྱོད་ནང་དཔྱད་བཤེར་དང་བེད་སྤྱོད་བྱས་ཡོད།

  སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དོ་དམ་སྲིད་ཇུས་ཆ་ཚང་ཞིབ་འཇུག་བྱས་ནས་བཟོས་ཤིང་། 《སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དབྱེ་མཚམས་འབྱེད་རྒྱུའི་ཕྱོགས་སྟོན་》སོགས་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་བཟོས་ཡོད། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དོ་དམ་བྱ་ཐབས་ཞིབ་འཇུག་བྱས་ནས་འཆར་ཟིན་བཟོས་པ་དང་། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དོ་དམ་ཚོད་འཛིན་གྱི་བླང་བྱ་དང་། དོ་དམ་གྱི་རྩ་དོན། ལྟ་སྡོམ་སྒྲོམ་གཞི་སོགས་ཁ་གསལ་བཟོས་པས། མིག་སྔར་བསམ་འཆར་བསྡུ་ལེན་མ་ཟིན་གྲུབ་ཡོད་ཅིང་། འབྲེལ་ཡོད་ཚན་པ་དང་ས་གནས་སྲིད་གཞུང་གི་བསམ་འཆར་བསྡུ་ལེན་བྱེད་ཉེར་ཡོད་པ་རེད།


  • ལེ་ཚན་སྔོན་མ།:བོན་པོ་ཤུལ་ཡུལ་ཤོག་གི་མི་ཉག་སྐོ་བྲོ་ལ“སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་སའི”མིང་བཏགས་ནང་གནང་།
  • ལེ་ཚན་རྗེས་མ།:ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་སྐབས་བཞི་པ་ལྷ་སར་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10