བོན་པོ་ཤུལ་ཡུལ་ཤོག་གི་མི་ཉག་སྐོ་བྲོ་ལ“སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་སའི”མིང་བཏགས་ནང་གནང་།

ཨོ་རྒྱན་གྱིས་བསྒྱུར།        2018-05-31

བོན་པོ་ཤུལ་ཡུལ་ཤོག་གི་མི་ཉག་སྐོ་བྲོ་ལ“སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་སའི”མིང་བཏགས་ནང་གནང་།

2018ལོའི་ཟླ5པར་ཞིང་ཆེན་རིག་གནས་ཐིང་གིས་རྩ་འཛུགས་བྱས་ཏེ2018ལོ་ནས2020ལོའི“སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་སའི”མིང་་བཏགས་དཔྱད་བསྡུར་གྱི་ལས་ཀ་བསྒྲུབས་པ་རེད།

《སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་སའི་མིང་བཏགས་དང་དོ་དམ་བྱེད་ཐབས》ལ་གཞིགས་ནས་ལས་གཞི་དེ་ཡོད་སའི་རྫོང་དང་ཡུལ་ཤོག་སོ་སོའི་མི་དམངས་སྲིད་གཞུང་གིས་གོང་རིམ་ལ་ཡིག་ཐོག་སྙན་ཞུ་ཕུལ་བ་དང་།  གྲོང་ཁྱེར་(ཁུལ)རིག་གནས་སྡེ་ཁག་གིས་འོས་སྦྱོར་བྱས་མཐར། ཞིང་ཆེན་གྱི་ཆེད་མཁས་པ་ཚོ་ཆུང་གིས་དཔྱད་བསྡུར་བྱས་ཤིང་།དཔྱད་བསྡུར་ལས་ཀའི་མགོ་ཁྲིད་ཚན་ཆུང་གིས་ཞིབ་དཔྱད་བསྡུར་གཏན་འབེབས་བྱས་པར་བརྒྱུད། 2018ལོ་ནས2020ལོའི“སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་སའི”ལས་གཞི39ལ་མིང་བཏགས་པའི་ནང་དར་མདོ་གྲོང་ཁྱེར་བོན་པོ་ཤུལ་ཡུལ་ཤོག་གི་མི་ཉག་སྐོར་བྲོ་བསྒྲགས་ཡིག་ནང་ཡོད་པ་རེད།

བོན་པོ་ཤུལ་ཡུལ་ཤོག་གི་མི་ཉག་སྐོ་བྲོ་ལ“སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་སའི”མིང་བཏགས་ནང་གནང་།

དར་མདོ་གྲོང་ཁྱེར་བོན་པོ་ཤུལ་ཡུལ་ཤོག་གི་མི་ཉག་སྐོར་བྲོ་ལ་ཞིང་ཆེན་རིག་གནས་ཐིང་གིས་ལེགས་འདེམས་བྱས་ཏེ“སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་སའི”མཚན་སྙན་ཐོབ་ཅིང་། མིག་སྔར་ཡོངས་བསྒྲགས་བྱས་པའི་དུས་རིམ་ནང་ཡོད་པ་རེད།

མི་ཉག་སྐོར་བྲོ་བརྒྱུད་འཛིན་བྱས་ནས་དའི་བར་དུ་བསླེབས་དུས།སྐོར་བྲོ་འདི་ཉིད་ལ་བྲོ་ཡི་གར་སྟབས་དང་གདངས་ཀྱི་འགྱུར་ཁུག་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པས་་མ་ཚད།ས་གནས་དེ་གའི་གོས་ཀྱི་སྡེབ་སྒྲིག་དང་གནའ་བོའི་བྲོ་ཡི་རྡོག་བྲོ་ལེན་སྟངས། དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་གར་གྱི་སྟངས་སྟབས་བསྒྱུར་ལུགས་སོགས་ཐུན་མིན་གྱི་ལོ་རྒྱུས་དང་མེས་པོ་དག་གི་བློ་གྲོས་ཀྱི་སྙིང་བཅུད་གང་མང་མཚོན་ཡོད་པ་རེད། 

རྩོམ་སྒྲིག་པ། མགར་རྒྱལ་སྲས།

བོན་པོ་ཤུལ་ཡུལ་ཤོག་གི་མི་ཉག་སྐོ་བྲོ་ལ“སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་སའི”མིང་བཏགས་ནང་གནང་།

 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་སྲས་ཨན་ཏི་ལོའུ་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།