ཚིག་རྐང་བཅུ་བཞི་མ་ཁག་འགའ།(3)

མཚོ་ལྷོ།(འབྲོང་ཕྲུག་གིས།)        2011-11-28


དེ་དག་གི་བྱིས་བློའི་ཆུ་མིག་དྭངས་མོ།
ངའི་མིག་ཆུ།
བུད་མེད་དུས་ཆེན་ལ་འབྲོག་མོ་བློ་འབབ་ཅིག་མཐོང་ཚུལ།
ཟ་ཁང་དེ་ཟ་ཁང་ཆུང་ཆུང་ཞིག་རེད།
སྦི་ཆང་དམ་བུ་རེ་འགའ་ལས་ཤོང་དཀའ་བའི་ཅོག་ཙེ་འདིའི་མཐའ་ན།
སྙན་ངག་པ་དང་བུ་མོ་གསུམ་ཡོད།
སྙན་ངག་པའི་ཤོག་སྒོར་གྱིས་དྲུད་ཡོང་བའི།
རྒྱ་མོའམ་བོད་མོ།
སོག་མོ་སུ་དང་གང་ཡིན་རུང་།
འབྲོག་སྐད་བཤད་ཤེས་པའི་ཁོ་མོ་དང་བསྡུར་ཐབས་མི་འདུག
ཁོ་མོས་མགོ་བོ་སྒུར་ནས་འོ་ཇ་དལ་འཐུང་བྱེད་ཚུལ་དང་།
སྙན་ངག་པས་སྦི་ཆང་ཤེད་ཀྱིས་འཐུང་ཚུལ་བསྡུར་ཐབས་མི་འདུག
དེ་གཉིས་ཀྱི་བར་ན་འབྲེལ་བའམ་གསང་བ་ཅི་ཞིག་ཡོད་ཚུལ་ཡང་།
སྙན་ངག་འདིས་ཁྱེད་ལ་བདེན་དཔང་བྱེད་ཐབས་མི་འདུག 
ཟ་ཁང་དེ་ཟ་ཁང་ཆུང་ཆུང་ཞིག་རེད།
བུ་མོ་དེ་འབྲོག་མོ་བློ་འབབ་ཅིག་རེད།
སྙན་ངག་པ་སྦི་ཆང་གི་སྔ་རོལ་དུ་བཟི་ཚུལ་འདི་ཡང་།
འབྲོག་སྐད་བཤད་ཤེས་པའི་སྙན་ངག་གཞན་ཞིག་
ལོས་ཡིན་བསམ་བྱུང་།
  • ལེ་ཚན་སྔོན་མ།:ཇོ་མོ་གླང་མ་རིའི་གཟི་བརྗིད།
  • ལེ་ཚན་རྗེས་མ།:མཆོད་བསྟོད་བདུད་རྩིའི་བུམ་བཟང་།