བདག་གི་ནམ་མཁའ་དང་ས་གཞི།

        2023-07-28

འཚོ་བའི་གཏིང་ལ་ཟུག་པའི།

སྦྲ་ནག་དང་སྒོ་ཁྱི། ཤ་མར་ཐུད་གསུམ།

མིག་གི་གཟེབ་ནང་དུ་ཚུད་པའི་ཨ་ཅེ་འབྲོག་མོ།

མི་ཚེར་བསྒོམས་མྱོང་བའི་བདག་གི་ནམ་མཁའ་

དང་ས་གཞི།

དྲན་ཤིང་ནང་གི་ལྷོད་ཆགས་པའི་འཛུམ་བག།

བདག་སྙིང་གི་རྒྱ་མཚོའི་མཐའ་ནས།

ཡིད་སེམས་རྒྱང་རིང་ལ་བསྲིངས་པའི་རེ་བཞག།

ཞེ་ལྷོད་པའི་འབྲོག་ཐང་ནས་དབྱངས་ཀྱི་སྙན་

པ་འཕུར་ཤོག།

ནོར་ནག་གི་གཡང་ཁ་ནས།

མུ་རུ་བཞག་པའི་ཡིད་འོང་གི་སྟོབས་འབྱོར་

མངའ་ཐང་།

ཡབ་མེས་བགྲང་མེད་ཅིག་གི་འཚོ་རྟེན།

ལོ་ཟླ་དང་རྩྭ་ཐང་གི་རྣམ་ཤེས་ཁྱོད་ཀྱི་པང་

ལ་ཡང་ཡང་འཐིམ།

༼ སྒྱུ་འཕྲུལ་མ། ༽


  • ལེ་ཚན་སྔོན་མ།:ཆ་ཤས་ཀྱི་ནམ་མཁའ།
  • ལེ་ཚན་རྗེས་མ།:རང་ཉིད་གཉིས་སུ་ཕྱེ་བའི་སྙན་ངག།