ཕུགས་འདུན་མངོན་འགྱུར་དགོས་ན།། དུས་ཚོད་འཕྲོ་བརླག་མ་གཏོང་།།

མིག་དམར་དོན་གྲུབ་ཀྱིས་བྲིས།        2023-07-28

རང་ཁུལ་གྱི་སྐབས་དང་པོའི་དགུ་ཐོག་གསུམ་སྣོན་གྱི་སློབ་ཐོན་སློབ་མ་ཕུལ་བྱུང་ཙའེ་ཏིའི་གནས་ཚུལ་རགས་བཀོད།

ཕུགས་འདུན་མངོན་འགྱུར་དགོས་ན།། དུས་ཚོད་འཕྲོ་བརླག་མ་གཏོང་།།

དྲྭ་ཐོག་ཏུ་སྤེལ་བ་དང་བཀྲ་ཤིས་བདེ་ལེགས་ཞུ་བ། རྒྱུན་འཁྱོངས་རྒྱུ་ནི་ཡག་པོ་ཞིག་རེད་ཅེས་པ་ནི2023ལོའི་དབྱར་ཁར་ཙའེ་ཏིར་ཐོབ་པའི་སྨོན་འདུན་དང་ཁས་ལེན་རེད། སྨོན་འདུན་དང་ཁས་ལེན་དེ་དག་ནི་ཁོང་གི་གཞས་གསར《བཀྲ་ཤིས་ཤོག》ཁྱབ་བསྒྲགས་བྱས་པ་ལས་བྱུང་བ་ཞིག་ཡིན་ལ་ཁོང་གིས་ལོ་དེ་དག་གི་རིང་ལ་ཕུགས་འདུན་འཚོལ་བ་ལས་བྱུང་བ་ཞིག་ཀྱང་རེད།

ཙའེ་ཏིའི་དངོས་མིང་ལ་ཡུའེ་ཀྲེང་ཅན་ཟེར་ཞིང་། རོང་བྲག་རྫོང་གི་མི་ཡིན། རང་ཁུལ་གྱི་སྐབས་དང་པོའི་དགུ་ཐོག་གསུམ་སྣོན་གྱི་ཕུལ་བྱུང་སློབ་ཐོན་སློབ་མ་ཡིན་ལ། ཀྲུང་གོའི་སྐྱེས་པའི་འཁྲབ་སྟོན་པ་དང་ཁེར་རྐྱང་གི་རོལ་མོ་བ། རོང་བྲག་རྫོང་གཟུགས་མེད་རིག་གནས་ཤུལ་བཞག་དང་ལ་ལ་གནའ་གཞས་ཀྱི་རྒྱུན་འཛིན་པ་ཡང་རེད།

མི་རིགས་རིག་གནས་རྒྱུན་འཛིན་དར་སྤེལ་དེ། ཕྲག་ཏུ་བབས་པའི་ལས་འགན་གཅིག་པུར་གྱུར།།

“ཁྱིམ་གཞིས་དེ་ལ་བལྟས་ནས་དུས་བཞི་བརྗོད། ངས་གནམ་སྔོན་པོ་དང་རྩྭ་ཐང་ལ་དགའ། ཚོར་སྣང་མེད་པར་ལེ་དབར་ཁྲི་ཡི་སར་བསྐྱོད”ཅེས་ཁོའི་གཞས་གསར《བཀྲ་ཤིས་ཤོག》ཅེས་པ་དེ་ཙའེ་ཏིའི་ངོས་ནས་བརྗོད་ན་རྒྱུན་ཆད་མེད་པར་ནང་སེམས་སུ་འཇུག་པ་དང་ཕ་ཡུལ་དུ་ཕྱིར་ལོག་པའི་བརྒྱུད་རིམ་ཞིག་རེད། ཡིག་འབྲུ198ཀྱི་རྒྱབ་ཏུ་ཉམས་མྱོང་དང་བརྒྱུད་རིམ་མཉམ་འདྲེས་བྱས་པ་ཞིག་ཡིན་ལ་བརྩེ་སེམས་དང་ཕུགས་འདུན་བར་གྱི་གདོང་གཏུག་ཅིག་ཀྱང་ཡིན།

《བཀྲ་ཤིས་ཤོག》ཅེས་པ་དེ་ཙའེ་ཏིས་ཚིག་བྲིས་པ་དང་རོལ་དབྱངས་མཁས་ཅན་ལི་ཅེ་ཡིས་གཞས་གདངས་བརྩམས་ཤིང་། གཞས་དེས་ཙའེ་ཏིས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་འབྱུང་འགྱུར་གྱི་འཚོ་བར་བཅངས་པའི་མཛེས་སྡུག་གི་ཕུགས་འདུན་མཚོན་ཞིང་། གླུ་གཞས་ནང་རྡོ་དང་མཁའ་དབྱིངས། ཉི་མ། མེ་ཏོག་གི་དྲི་ཞིམ་སོགས་ཀྱིས་ཙའེ་ཏིས་ཕ་ཡུལ་ལ་བཅངས་པའི་བརྩེ་བས་ཁེངས་ཡོད།

ལོ་འདི་དག་གི་རིང་ལ་ཙའེ་ཏིར་གང་ཅིའི་ཐད་ནས་ཡར་ཐོན་ཆེན་པོ་བྱུང་སྟེ་ཕྲག་ཏུ་ལྷུང་བའི་འགན་ཡང་ཆེན་པོར་གྱུར། ཁོས་མི་རིགས་རིག་གནས་བརྒྱུད་སྤེལ་བྱེད་མཁན་ཞིག་ཡིན་པའི་ངོས་ནས་རང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུ་ནི་ངའི་ཚེ་གང་པོའི་ལས་འགན་ཡིན་ལ། དུས་རབས་ཀྱི་གོ་སྐབས་དམ་འཛིན་དང་རང་ངོས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་རང་ཁུལ་གྱི་མི་རིགས་རིག་གནས་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་རང་ཉིད་ཀྱི་ཐོག་མའི་བསམ་འདུན་ཡིན་ཞེས་བཤད།

《བཀྲ་ཤིས་ཤོག》ཅེས་པ་ནི་ཁྱིམ་གཞིས་ཀྱི་འཆར་གཞི་ནས་འགོ་བཙུགས་པ་ཞིག་རེད། 2021ལོར་སྟེས་དབང་གི་གོ་སྐབས་ཤིག་ཐོབ་ནས་རོལ་དབྱངས་མཁས་ཅན་ལི་ཅེ་ཡིས་བཏོན་པའི་ཁྱིམ་གཞིས་འཆར་གཞིའི་ནང་བདམས་པས་མ་ཚད་ཁྱིམ་གཞིས་འཆར་གཞིའི་གླུ་གཞས་ཁྱེར་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཐོག་འཁྲབ་སྟོན་བྱས་ཤིང་། དེ་རྗེས་ཁྱིམ་གཞིས་འཆར་གཞི་ནི་དུས་ཐོག་གི་ཆར་པ་དང་འདྲ་ཞིང་ཙའེ་ཏིའི་མི་རིགས་རིག་གནས་རྒྱུན་བསྐྱངས་པའི་རྩ་བ་བརླན་པར་བྱས།

ཕུགས་འདུན་མངོན་འགྱུར་དགོས་ན།། དུས་ཚོད་འཕྲོ་བརླག་མ་གཏོང་།།

    མི་རིགས་རོལ་དབྱངས་རིག་གནས་ཐོན་ལས་ཀྱིIPངོས་ནས་བརྗོད་ན། ཁྱིམ་གཞིས་ཀྱི་འཆར་གཞི་ནི་ཀྲུང་ཧྭ་མི་རིགས་ཀྱི་རོལ་དབྱངས་རྒྱུན་འཛིན་དང་གསར་གཏོད་འཆར་གཞིའི་གཙོ་གནད་ལས་གཞི་ཞིག་ཡིན་པ་དང་། དེ་ནི་རྒྱ་རིགས་དང་ཡུ་གུར་རིགས། བོད་རིགས། སོག་རིགས། དབྱིས་རིགས། ཐ་ཅི་ཁེ་རིགས། ཏུང་རིགས། པུའུ་དབྱི་རིགས་བཅས་ལས་གྲུབ་པ་དང་། དེ་ནི་རྒྱལ་ནང་གི་མི་རིགས་མང་པོ་མཉམ་འདྲེས་ཀྱི་གདོད་མའི་གླུ་གཞས་མཉམ་གཏོང་ཚོགས་པ་གཅིག་པུ་དེ་རེད།

    ཁྱིམ་གཞིས་འཆར་འགོད་རུ་ཁག་གི་རྗེས་སུ་འབྲངས་ནས་ཙའེ་ཏིའི་འཛམ་གླིང་ལ་ལྟ་བའི་མིག་རྒྱང་ཆེ་རུ་ཕྱིན་ལ་རང་ཉིད་ཀྱི་རྣམ་ཤེས་འཚར་ལོངས་ཡོང་བ་ནི་མི་རིགས་ཀྱི་བསམ་པའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད་པ་ཤེས་རྟོགས་བྱུང་། དེར་བརྟེན་ཁོང་གིས་ཁྱིམ་གཞིས་འཆར་གཞིའི་ཁྲོད་བསྡུ་ལེན་བྱས་པའི“འཚོ་བཅུད”ལ་བརྟེན་ནས་ཕ་ཡུལ་ལ་བྱ་བ་བསྒྲུབ་རྒྱུའི་བློ་ཐག་བཅད། བསམ་བློ་དང་ཞིབ་འཇུག་ཐེངས་མང་བྱས་མཐར《བཀྲ་ཤིས་ཤོག》ཅེས་པ་བྱུང་བ་རེད།

   《བཀྲ་ཤིས་ཤོག》ཅེས་པར་འཛམ་གླིང་གི་རོལ་དབྱངས་ཉམས་འགྱུར་དང་ཁྱད་ཆོས་ལྡན་ཞིང་། གླུ་གཞས་ཆ་ཚང་དེ་བོད་ཡིག“བཀྲ་ཤིས”མཚོན་བྱེད་བཀྲ་ཤིས་བདེ་ལེགས་འབྱུང་བའི་ཆེད་དུ་གླུ་གཞས་དེར《བཀྲ་ཤིས་ཤོག》ཅེས་མིང་བཏགས་པ་དང་། ཙའེ་ཏིས་ཕ་ཡུལ་ལ་དུས་རབས་གསར་པའི་འཕེལ་རིམ་ཁྲོད་འཕེལ་རྒྱས་གསར་པ་ཡོང་རྒྱུའི་རེ་བ་འཆང་གིན་ཡོད་ལ་ཕ་ཡུལ་གྱི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ལ་ཉམས་འགྱུར་གསར་པ་ཞིག་མངོན་རྒྱུའི་རེ་བའང་བྱེད་ཀྱིན་ཡོད།

     ཉིན་འདི་དག་གི་རིང་། ཙའེ་ཏི་ལ་ཁོམ་པ་ཅུང་ཙམ་ཡོད་ན《བཀྲ་ཤིས་ཤོག》ཅེས་པའི་གླུ་ལ་ཉན་ཞིང་། རང་ཉིད་ཀྱི་ལས་དབང་ནི་ཕ་ཡུལ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། རོལ་དབྱངས་ལ་བརྟེན་ནས་ཕ་ཡུལ་གྱི་རིག་གནས་འཚོལ་ཞིབ་བྱེད་པ་ནི་རང་ཉིད་ཀྱིས་ཚེ་སྲོག་འཚོལ་སྙེག་བྱེད་པའི་མྱུར་ལམ་ཡིན་པའི་ཚོར་སྣང་བྱུང་། དེར་བརྟེན་ཁོང་གིས་ལོ་གཉིས་རིང་པེ་ཅིང་དུ་མུ་མཐུད་དེ་སློབ་སྦྱོང་བྱས་རྗེས་ཕ་ཡུལ་དུ་ལོག་སྟེ་ས་གནས་ཀྱི་རིག་གནས་སྔོག་འདོན་བྱས་ནས་ཕ་ཡུལ་གྱི་རིག་གནས་དེ་ལས་མང་བ་དང་དེ་ལས་ཡག་པོ་གར་སྟེགས་དེ་བས་ཆེན་པོའི་ཐོག་སྡོན་པར་ཆ་རྐྱེན་བསྐྲུན་གང་ཐུབ་བྱས་པ་རེད།

བརྩོན་པ་མ་ལྷོད་རྒྱུན་འཁྱོངས་བྱས་གྱུར་ན།། མཛེས་པའི་སང་ཉིན་བསྐྲུན་པ་རྨི་ལམ་མིན།།

    ཙའེ་ཏིས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུ་དེ་ཚེ་གང་གི་ལས་འགན་ཞིག་ཏུ་བརྩིས་ནས་སི་ཁྲོན་གྱི་དགུ་ཐོག་གསུམ་སྣོན་གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་ནས་འགོ་བཙུགས་པ་རེད།

ལོ་ན20ལ་སླེབས་པའི་ཙའེ་ཏི་ཉིན་ཞིག་ཕ་ཡུལ་དུ་ལོག་ནས་རྒྱུགས་སྤྲད་དེ་འབྲིང་རིམ་ཆེད་ལས་ཚན་ཁག་གི་སློབ་མ་གསར་པ་ཞིག་ཏུ་གྱུར། འོན་ཀྱང་ལས་དབང་གིས་ཀུ་རེ་ངང་སྒྱུ་རྩལ་ཆེད་ལས་སྦྱངས་ནས་ཆུང་དུས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་རེ་བྱེད་མཁན་ཁོང་ནི་གློག་རྡུལ་ཆེད་ལས་སྦྱོང་མཁན་ཞིག་ཏུ་གྱུར།

    སློབ་གྲྭར་སྐྱོད་སྐབས་ཕུགས་འདུན་མཚམས་འཇོག་པ་དང་མུ་མཐུད་མདུན་སྐྱོད་བྱ་དགོས་པའི་བར་གདམ་ཁ་བྱ་དགོས་དུས་ཙའེ་ཏིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕྱི་མ་དེ་བདམས་པ་རེད། ཉིན་རེར་ཆེད་ལས་ཀྱི་བསླབ་ཚན་གྲུབ་རྗེས། ཁོས་ཁེངས་སྐྱུང་གིས་སྒྱུ་རྩལ་ཆེད་ལས་ཀྱི་དགེ་རྒན་དང་སློབ་མའི་སར་སོང་སྟེ་དྲི་ནས་སྦྱངས་ཤིང་། དུས་ཡུན་རིང་པོར་རྒྱུན་འཁྱོངས་པས་སྒྱུ་རྩལ་གྱི་རྨང་གཞི་ངེས་ཅན་ཞིག་བཏིང་།

   “གོ་སྐབས་ཧ་ཅང་དཀོན་པས་ཕུགས་འདུན་བློས་གཏོང་མི་འདོད”ཅིང་། ལོ་མང་སོང་རྗེས་སླར་ཡང་སྐབས་དེ་དུས་ཀྱི་སློབ་གྲྭའི་ནང་གི་དུས་སྐབས་གླེང་སྐབས་ཙའེ་ཏིས་སྔར་བཞིན་ལྟ་བ་བརྟན་པོ་བཟུང་བ་དེ་ནི་ཡ་མཚན་སྐྱེ་དགོས་པ་ཞིག་མ་རེད། གང་ལྟར་ལོ་ན་ཆུང་དུས་ནས་རྒྱུན་འཁྱོངས་བྱ་རྒྱུའི་གལ་ཆེའི་རང་བཞིན་ཤེས་ཀྱིན་ཡོད།

     ཙའེ་ཏི་ནི་རོང་བྲག་གི་རི་ཁྲོད་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་སྐྱེས་པ་དང་དམའ་རིམ་སློབ་འབྲིང་ཐོན་རྗེས་ཁྱིམ་གྱི་ཆ་རྐྱེན་ཞན་པའི་དབང་གིས་གླ་རྒྱག་སར་སོང་བ་རེད། ཞབས་ཞུ་བ་དང་ཤིང་འབྲས་འཚོང་བ། རླངས་འཁོར་བཟོ་པའི་དགེ་ཕྲུག་སོགས་ལོ་ཁ་ཤས་ཀྱི་དུས་ཚོད་ནང་ཁོང་གིས་མི་སྣ་མང་པོ་འཁྲབ་དགོས་བྱུང་ཡོད་ལ། དཀའ་ཚེགས་ཆེ་ཤོས་ཀྱི་སྐབས་སུ་ཟམ་འོག་ཏུ་ཉལ་དགོས་ཀྱང་ཐུབ་ཡོད། ཕྱིས་སུ་དམངས་ཁྲོད་ཟློས་གར་ཚོགས་པའི་ནང་ཞུགས་ནས་སྐོར་སྐྱོད་སྒྱུ་རྩལ་གྱི་འཚོ་བ་སྐྱེལ་འགོ་ཚུགས་ཤིང་། གཞས་གཏོང་བ་དང་བྲོ་འཁྲབ་པ། འཁྲབ་ཚན་ཐུང་ངུ་སོགས་ཚང་མ་བྱང་ཆུབ་པར་མ་ཟད། ཐ་ན་བྱུག་རྫས་བྱུགས་

ནས“བཞད་གད་པ་འང”འཁྲབ་མྱོང་བ་རེད།

     དཀའ་དཀའ་བྲག་ལ་མ་འཛེགས་ན་བདེ་མོ་སྤང་ལ་མི་ཐོན་ཞེས་པ་ལྟར་དཀའ་ལས་གང་མང་མང་ཞིག་མྱངས་མཐར་ཙའེ་ཏིར་ཞུམ་པ་མེད་པ་དང་། ང་རྒྱལ་དང་འཚབ་འཚུབ་མེད་པ། ཁེངས་སྐྱུང་མི་བྱེད་པ་བཅས་ཀྱི་མི་ཚེ་ལ་གོ་རྟོགས་དུ་མ་ཞིག་སད་དུ་བཅུག། ཉིན་འདི་དག་གི་རིང་ལ་ཁོས་དཀའ་ཁག་གི་ཁྲོད་ནས་བསམ་གཞིག་བྱས་ཤིང་། རྔུལ་ཆུ་ཡི་ཁྲོད་དུ་སྦྱོང་བརྡར་བྱས་པས་མིག་མཐོང་ལག་ཟིན་གྱིས་ཡར་ཐོན་བྱུང་།

     2012ལོ་ནས་བཟུང་ཙའེ་ཏིས་བྱེད་སྟངས་གཞན་ཞིག་ལ་བརྟེན་ནས་ཕུགས་འདུན་དོན་གཉེར་བྱ་རྒྱུའི་ཐག་བཅད་པ་རེད། རང་བྱུང་གི་གླུ་གཞས་ཀྲུང་གོའི་བོད་གཞས་འདུ་ཚོགས་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དམངས་གཞས་དབང་རྩོད་པ། ཧྲན་ཞི་བརྙན་འཕྲིན་ཁང་གི་རྨ་ཆུའི་གཞས་མཁས་ཅན། 《360བདེ་སྐྱིད།》《དམར་དམག་རྒྱ་མོ།》《ཁམས་བོད་ཇའི་བླ་སྲོག།》ཅེས་པ་བཅས་ནས་ཀྲུང་གོའི་གདོད་མའི་རོལ་དབྱངས་དཔྱད་འདེམས་ཨུ་ལྷན་དང་། ཀྲེ་ཅང་སྲུང་སྐར་བརྙན་འཕྲིན་གྱི་ཀྲུང་གོའི་སྐད་སྒྲ་ལེགས་པའི་སི་ཁྲོན་མཐའ་བསྡུར་དཔྱད་འདེམས་མཁན། ཧྲང་ཧའེ་སྲུང་སྐར་བརྙན་འཕྲིན་གྱི་ཨ་མ་སྨི་ཡ་སི་ཁྲོན་དཀར་མཛེས་ཀྱི་མཐའ་བསྡུར་དཔྱད་འདེམས་ཨུ་ལྷན་བཅས་བར་ཙའེ་ཏིས་གར་སྟེགས་ཐོག་འཛེགས་གྲངས་མང་བས་མུ་མཐུད་དེ་ཕྱི་ཕྱོགས་ལ་རང་ཉིད་ངོ་སྤྲོད་བྱས་པ་རེད།

     ཉིན་ཐོག་ཉིན་བརྩེགས་ནས་འཚོལ་ཞིབ་དང་སློབ་སྦྱོང་བྱ་རྒྱུ་ནི་ཙའེ་ཏིའི་གཏན་འཇགས་ཀྱི་བརྒྱུད་རིམ་ཞིག་ཏུ་གྱུར་ཅིང་། 2019ལོའི་ཟླ10པར“དཀར་མཛེས་རང་སའི”གློག་བརྙན《ལྟ་སྲུང་བ།》ཞེས་པ་དེ་འཇར་པན་གྱི་ཐོ་ཁེའོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་བྱ་དགའ་ཐོབ་པ་དང་། ཁོ་ལ་སྒྱུ་རྩལ་མི་ཚེའི་ནང་གི་བྱ་དགའ་གལ་ཆེན་དང་པོ་སྟེ། སྐྱེས་པའི་འཁྲབ་སྟོན་པ་གསར་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།

ད་ཐེངས་ཀྱི་གློག་བརྙན་དུས་ཆེན་ཐོག་སྐད་གྲགས་ཆེ་བའི་འཁྲབ་ཁྲིད་པ་ཧྥེང་ཞའོ་ཀང་གིས་ཙའེ་ཏིར་འཁྲབ་རྩལ་གྱི་རང་བཞིན་ལྡན་ཞེས་བསྟོད་པ་ཕུལ་བ་དང་ཆབས་ཅིག་ཁོ་གཉིས་ཀྱིས་དྲན་རྟེན་སྐུ་པར་བསྐྱོན་ཅིང་། སྐབས་དེར། ཙའེ་ཏིས་བློ་དཀར་སེམས་དཀར་དེ་གློག་བརྙན་བྱ་གཞག་གི་ཆེད་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་གཅེས་ཁྱིམ་གཅེས་ཀྱི་བརྩེ་སེམས་ལ་སྲུང་སྐྱོང་ཡག་པོ་བྱ་དགོས་པ་ལས་ཐག་རིང་སོང་དུས་ཐོག་མའི་བསམ་འདུན་གཏན་ནས་བརྗེད་མི་རུང་ཞེས་བཤད།

      ཙའེ་ཏིས་དེ་ལྟར་བཤད་ལ་སྒྲུབ་ཀྱང་སྒྲུབ་ཀྱིན་ཡོད། རོལ་དབྱངས་ལ་བརྟེན་ནས་ཕུགས་འདུན་སྒྲུབ་པའི་ལམ་བུའི་ཐོག་ཁོང་གིས་ཕ་ཡུལ་སྲོལ་རྒྱུན་གྱི་བོད་རིགས་རོལ་དབྱངས་དང་དེང་རབས་ཀྱི་དར་སོ་ཆེ་བ་ཟུང་འབྲེལ་བྱས་ཏེ། ཚབ་མཚོན་བརྩམས་ཆོས་ལ《ཧེ་རོང་བྲག།》དང་།《ཡག་ཁེ》《སྤྲོ་སྣང་གི་བུ་མོ》《ངས་དཀར་མཛེས་སུ་བསྒུགས་ཡོད།》《རྡོ་ནང་གི་ཁྱིམ།》《མཁར་རྫོང་གི་ཨ་མ》《རོང་བྲག།》《ཕ་ཡུལ་གྱི་འཁྲེང་སེམས།》《ཆུ་ཐོག་མེ་ཏོག》སོགས་ཡོད། གཞན་ཡང་ཙའེ་ཏི་དང་ཁོང་གི་སྤུན་མཆེད་ཀྱིས་རོང་བྲག་ཏུ་ཆེད་དུ་ཕ་ཡུལ་གྱི་རིག་གནས་འཕེལ་རྒྱས་ལ་རོགས་རམ་བྱེད་མཁན་གྱི་གསར་གཏོད་པའི་ལྟེ་གནས་བཙུགས་ཡོད།

ཙའེ་ཏིས་ཕ་ཡུལ་འཕེལ་རྒྱས་འགྲོ་བཞིན་ཡོད་པས་རང་ཉིད་མདུན་སྐྱོད་ཀྱི་གོམ་སྟབས་ཀྱང་མཚམས་འཇོག་མི་རུང་། མདུན་ལམ་ཧ་ཅང་རིང་པོ་ཡོད་པས་མཐའ་འཁྱོངས་ན་གཞི་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཐུབ”ཅེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:བརྩོན་པའི་རྒྱུན་དང་ཡུན་འགྲོགས་ན།། འབྲས་བུ་ཐོབ་པར་གདོན་མི་ཟ།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།