ལོག་སེལ། 2022-09-26
ལོ་ཟླའི་རླུང་འཚུབ་དང་ལྷན།
ལམ་འགྲོ་ཅུང་ཙམ་རྒྱུགས་སྐབས།
འཕོ་འགྱུར་ལས་འདས་པའི་བདག།
དུས་ཚིགས་ཀྱིས་དེད་པའི་ནམ་ཟླ་བཞིན།
གྲང་དྲོད་རྒྱས་པ་བཞིན།
སྐད་གཅིག་ཏུ་རྐང་ཐང་པ་རྐྱ་མི་རུ་གྱུར།
ས་སྲོད་ཀྱི་མེ་ཏོག་དག།
གཅིག་རྗེས་སུ་མུན་པས་གཟིམས་པར་བྱས།
ལོ་ཟླ་ངོས་མི་ཟིན་པའི་གཞོན་ནུ་ཞིག།
སུ་ཞིག་གི་གཏམ་རྒྱུད་ལ་ཉན་པར་མ་ཤེས་ཏེ།
གད་མོ་འཆོར་བར་གྲགས།
ལོ་རྒྱུས་ལས།
རུས་རྐང་ས་རུ་འཐིམ་རྗེས་གཏམ་རྒྱུད་ཧ་ཅང་མང་།
མི་ནི་དེ་དག་ལ་ཆགས་ཀྱང་།
བདག་གཏན་དུ་དེ་དང་གྱེས་ལོ།
གཉིད་ལ་རོལ་སྐབས་ཤིག།
སེམས་སུ་དྲན་ཐུབ་པ་ནི།
ཁྱོད་ཀྱི་ལང་ཚོ་ལས་འདས་པའི་དྲི་བསུང་ཨང་ངེས།
ས་གཞི་ཆགས་པའི་སྐྱེ་བོ་དེ།
བདག་མིན་ཏེ།
བདག་བན་རུལ་གྱི་རྣམ་ཤེས་ཤིག་གོ།
བར་མཚམས་གང་ཡིན་ན།
རྐྱེན་གྱི་གོ་བ་མ་ལོག་ཅིག།
རྩོམ་གསར། 10