གྱིན་འདའ་བ། 2022-09-23
འདས་མ་ད་གསུམ་གྱི་འཆར་སྒོ་བན་བུན།།
ལུས་ངག་ཡིད་གསུམ་གྱི་མཆད་པ་ཡིན་ན།།
ང་ཡིས་ཡིད་ཆེས་ཀྱི་དད་སེམས་ཀློང་ནས།།
རྣམ་དཀར་དགེ་ཚོགས་ཀྱི་སྨོན་པ་ཞུ་ཆོག།
དབྱངས་གསལ་སོ་བཞི་ཡི་སྐར་མ་འོད་ཆེན།།
རིགས་ཀྱི་སེམས་ཁུང་གི་དྲོད་ཁོལ་ཡིན་ན།།
ང་ཡི་སྙན་ཚིག་གི་ཚིག་རིས་དབར་ནས།།
འདས་དོན་ལོ་རྒྱུས་ཀྱི་རྡོ་རིང་བཞེང་ཆོག།།
མི་ཚེའི་བཤུལ་ལམ་གྱི་ཁུགས་སོ་རིང་མོ།།
ལས་ཀྱི་ཁ་ཡིག་གི་རི་མོ་ཡིན་ན།།
ང་ཡི་ཚེ་སྲོག་གི་དབུགས་རྒྱུན་རེ་རེས།།
ལས་འབྲས་ལམ་བུ་འདི་བདེན་པས་འཕྱོང་ཆོག།
ལན་ཆགས་ལོ་འདོད་ཀྱི་རྟ་ཕོར་ཆིབས་ཏེ།།
འཁོར་བའི་ཉིན་སྲིབ་ནས་ཚང་རག་བཏང་ན།།
ང་ཡིས་མི་ཚེ་ཡི་མེ་ལོང་མཐོངས་ནས།།
མི་བརྟན་ཆོས་ཉིད་ཀྱི་ལྷ་རེག་འཐེན་ཆོག།
ཀུན་རྟོག་བརྒྱད་ཅུ་ཡི་བུ་ཡུག་འཚུབ་དུས།།
ཡིད་ཀྱི་སྡུམ་པ་རུ་ལྷགས་པས་གཙེས་ན།།
ང་ཡིས་ཏིང་འཛིན་གྱི་འཚེད་ཤིང་སྦར་ནས།།
ལྷོད་བདེའི་དྲོད་ཁོལ་གྱིས་སེམས་པ་གསོ་ཆོག།
མི་ཡུལ་ལན་ཆགས་ཀྱི་མཚོ་མོ་བརྒལ་དུས།།
མི་སེམས་ཡིད་སྲུབས་ཀྱི་རླབས་དེས་འཇེན་ན།།
ང་ཡིས་ཞེན་ཆགས་ཀྱི་གྲུ་ལས་བཀྱེད་ནས།།
མི་མཇེད་འཇིག་རྟེན་ལས་ངེས་པར་འབྱུང་ཆོག།
ཚིག་གི་སྲད་བུ་ལ་མཆོད་ཚིག་བསྟར་དུས།།
ཚིག་རྒྱན་ཡིད་སྤྲུལ་གྱིས་མཆོད་སྤྲིན་འཕེར་ན།།
ཚིག་རིས་མེ་ཏོག་གི་མཆོད་རྫས་ཐོགས་ནས།།
ཚིག་འཇེབས་མི་ལང་བའི་མཆོད་པ་འབུལ་ཆོག།
རྩོམ་གསར། 10
 ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁ
 ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁ མ་ངེས་པའི་ངག།
 མ་ངེས་པའི་ངག། ནམ་མཁའི་རྨ་སྟོད།
 ནམ་མཁའི་རྨ་སྟོད། གྲིབ་གཟུགས་གྱ་གྱུ།
 གྲིབ་གཟུགས་གྱ་གྱུ། དར་དཀར་པོ་སྤུན་མཆེད་གྲོགས་ལ་ཕུལ།།དྲིན་ཆེན་པོ་སེམས་
 དར་དཀར་པོ་སྤུན་མཆེད་གྲོགས་ལ་ཕུལ།།དྲིན་ཆེན་པོ་སེམས་ ཁུལ་ཨུའི་བསྒྱུར་བཅོས་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་
 ཁུལ་ཨུའི་བསྒྱུར་བཅོས་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་ ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁ
 ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁ “ཀྲུང་གོའི་ལོ་བཅུ་པོ་འདིའི་རིང་” རང་བྱུང་ཐོན་ཁུངས་བ
 “ཀྲུང་གོའི་ལོ་བཅུ་པོ་འདིའི་རིང་” རང་བྱུང་ཐོན་ཁུངས་བ སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་གྱིས་རྒུན་འབྲུམ་ལ་བརྟེན་
 སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་གྱིས་རྒུན་འབྲུམ་ལ་བརྟེན་ གནའ་བོའི་གསེར་འབག་ཅིག་རྙེད་འདུག
 གནའ་བོའི་གསེར་འབག་ཅིག་རྙེད་འདུག