གྲིབ་གཟུགས་གྱ་གྱུ།

གདོང་རྒྱལ།        2022-09-23

སྙན་ངག་དང་ལྷན་དུ་བཞུར་བཞིན་པའི་བདག་

གི་ཚེ་སྲོག།

ས་སྲོད་དང་མཉམ་དུ་རྒ་བཞིན་པའི་བདག་གི་ལང་ཚོ།

དབྱངས་གསལ་དང་འགྲོགས་ཏེ་དར་བཞིན་པའི་

བདག་གི་རྣམ་ཤེས།

ཅི་ཞིག་གི་སླད་དུ། གང་ཞིག་གི་དོན་དུ།

མུ་མཐའ་མེད་པའི་མདུན་དུ་སྐྱོད།

གློ་མཆིན་བར་གསེང་དུ་སྦས་པའི་གསང་བ་

སྡར་མ་དེའི་དོན་དུ།

ཡབ་མེས་རྐང་རྗེས་སུ་ལྐོག་པའི་གབ་ཚིག་

གཏན་ཁེལ་དེའི་དོན་དུ།

བུ་རབས་ཚ་རྒྱུད་དག་ལ་བཞག་དགོས་པའི་

བདེན་དོན་མངོན་འགྱུར་དེའི་དོན་དུ།



  • ལེ་ཚན་སྔོན་མ།:ཁྱོད་ནི་ང་ཚོའི་སྐྱབས་དང་མགོན་ཉིད་ལགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།